| e-texts navigator |
| Wylie |
36b1 ཉེ་བར་མྱི་འགྲོའོ།། སྟོང་གི་མ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་ཆ་དང་བགྲང་བ་དང་། དཔེལ་དང་། རྒྱུར་ཡང་ཉེ་བར་གྱི་འགྲོ་སྟེ། གནས་འཇོག་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ནི་དེ་ལྟར་འབྲས་བུ
36b2 ཆེ་བ་ཡིན། དེ་ལྟར་ཕན་ཡོན་ཆེ་བ་ཡིན། དེ་ལྟར་མཐུའ་ཆེ་བ་ཡིན། དེ་ལྟར་རྒྱ་ཆེ་བ་ཡིན་ནོ།། གནས་འཇོག་འོ་ནད་ཀྱང་ལྷའི་བདེ་བ་ལ་བརྟེན་ན།། མྱིའི་རྒྱལ་སྲིད་དམན་ཏེ་གང་མྱི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་བཞི
36b3 རིས་ཀྱི་ལྔ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅོལ་ལྔ་ལ་ཟླ་བ་བྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚུལ་དེས་བརྩིས་པའི་ལོ་ལྔ་བརྒྱ་ག་པ་ཡིན
36b4 པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ།། མྱིའི་ཚུལ་གྱིས་བརྩིས་ན་ལོ་བརྒྱ་ཕྲག་དགུའ་སྟོང་ཡོད་དོ།། གནས་འཇོག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ་འཕགས
36b5 པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་སྙེན་གནས་ལ་ལན་ཅིག་གནས་པ་ནི་ལུས་དང་བྲལ་ནས། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ།
36b6 གནས་འཇོག་ངས་འདི་ལ་དགོངས་ནས་ལྷའི་བདེའ་བ་ལ་བརྟེ་ནད་ན། མྱིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩ་ལ་ད་ཏོ།། མྱི་རྣམས་ཀྱི་ལོ་བརྒྱའ་ལ་སུམ་བཅུ་རྩ་གསུམ་པ་རྣམས་ཀྱི་ཉིན
36b7 ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅོའ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚུལ་དེས་བརྩིས་པའི་ལྷའི་ལོ་སྟོང་གང་ཡིན་པ་དེ་ནི་སུམ་བརྩ
36b8 པའི་སྒྲ་རྣམས་ཀྱི་ཚེའི་ཚད་ཡིན་ནོ།། མྱེའི་ཚུལ་གྱིས་བརྫིས་ན་ལོ་བྱེ་བ་ཕྲག་སུམ་དང་། ལོ་བརྒྱ་ཕྲག་སྤོང་དྲུག་བཅུ་ཡོད་དེ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་འཕགས་པའི་ལམ་ཡན་ལག
36b9 བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་གཅིག་གནས་པ་ནི། ལུས་དང་བྲལ་ནས་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་། སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ལ་དགོངས་ནས