e-texts navigator
Collection
Volume
Page
Wylie

34b1 སྤངས་ཏེ། པོ་ཚ་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པར་བགྱིས་ལ། སེམས་ཅན་དང་སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་འབྲའ་མོ་གྲོག་སྤུར་ཡན་ཆོད་ཀྱི་སྲོག་གཅོད་པ་ཡང་སྤངས་ཏེ། སྲོག་གཅོད
34b2 པ་ལས་སླར་ལྡོག་པར་བགྱིད་དོ།། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ།། སྲོག་གཅོད་པ་ལས་སླར་ལོག་ནས་འབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ། སེམས་ཅན་དང
34b3 སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་འཕྲ་མོ་གྲོག་སྤུར་ཡན་ཆད་ཀྱི་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་ཆེ་གེ་མོ་ཡང་དུས་འདི་ནས་བཟུང་སྟེ། དོ་ནུབ
34b4 ཀྱི་མཚན་མོ་འདི་དང་། ས་པ་ཉི་མ་ཤ་རད་ཀྱི་བར་དུ་སྲོག་གཅོད་པ་སྤངས་ཤིང་།། སྲོག་གཅོད་པ་ལས་སླར་ལྡོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ། ངོ་ཚ་དང་ལྡན་ཞིང་སྙིང་རྗེ་ལྡན་པར་བགྱིས་ལ།
34b5 སེམས་ཅན་དང་སྲོག་ཆགས་འབྱུང་པོ་ཐམས་ཅད་ལས། ཆུང་ངུ་ན་སྲོག་ཆགས་འཕྲ་མོ་གྲོག་སྤུར་ཡན་ཆོད་ཀྱི་སྲོག་གཅོད་པ་ཡང་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ།།
34b6 ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག། གི་བསླབ་པ་ལ་རྗེས་སུ་སློབ་པོ། རྗེས་སུ་བསྒྲུབ་བོ།། རྗེས། སུ་བགྱིད་དོ།། ཇི་ལྟར་སྲོག་གཅོད་པ་ལས་སླར་ལྡོག་པ་དེ་བཞིན
34b7 དུ། མ་བྱིནད་པར་ལེནད་པ་དང་། མྱི་ཚངས་པར་སྤྱོད་པ་དང་། བརྫུན་ཏུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆར་མྱོས་པར་འ་གྱུར་པ་བཀ་མྱེད་པའི་གནས་དང་། ཀྲུ་ཀར་དང་། རོལ་མོའི་སྒྲ་དང
34b8 འཕྲེང་བ་དང་སྤོས་ཉུག་པ་དང་། བརྒྱ་ནད་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར
34b9 བགྱིའོ།། ཇི་ལྟར་འཕགས་པའི་དགྲ་བཅོམ་པ་དེ་དག་ཇི་སྲིད་འཚོ་འི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་སྟེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པ་དེ་བཞིན་དུ། བདག་ཆེ་གེ་མོ་ཡང་དུས་འོདི




iiif viewer powered by OpenSeadragon

34a - 35a

Texts on this page

Ng22.4 - 'phags pa gnas 'jog pa'i mdo zhes bya ba