e-texts navigator
Collection
Volume
Page
Wylie

34a1 བཀའ་སྩལ་ཏོ།། གནས་འཇོག་ཁྱོད་ཅིའི་ཕྱིར་འདི་ལྟར་སྐྱེམ་ཞིང་མདོག་མྱི་སྟུཀ། ཨག་ཅོམ་དང་། སྒྲ་དང་། སེན་མོ་དང་། སྤུ་རིང་ཞིང་ལུས་རྩུབ་ལ་གཅོམ་ཆུང་ངུར་སྨ། གནས་འཇོག་གིས་གསོལ་པ།
34a2 ཀོའུ་ཏ་མ་བདག་ནི་དཀུར་ཟླར་བསྙུར་བ་བགྱིད་པས། འདི་ལྟར་སྐྱེམ་ཞིང་མདོག་དན། ཨཀ་ཙོམ་དང་། སྐྲ་དང་། སེན་མོ་དང་། སྤུ་རིང་ཞིང་ལུས་ཆུབ་ལ་གཅོམ་ཆུ་ངུར་སྨྲ་བ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས
34a3 མཁྱེནད་བཞིན་ཏུ། དྲང་སྲོང་གནས་འཇོག་ལ་སྨྲས་པ། གནས་འཇོག་ཁྱོད་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་ཤིང་། ཆོ་འཕྲུལ་ཀྱི་ཕྱོགས་ལ་ཡང་ནན་ཏན་ཀྱིས་བསྒྲུབ་པ་མ།
34a4 གནས་འཇོག་གིས་སྨྲས་པ། ཀེ་ཀོའུ་ཏ་མ་ཀ་འཕགས་པའི་ལ་མ་ཡན་ལག་བརྒྱད་དང་ལྡན་པའི་བསྙེནད་གནས་ལ་གནས་པ་དང་། ཆོ་འཕྲུལ་གཽ་ཕྱོགས་ལ་ནན་ཏན་གྱིས་བསྒྲུབ་པ་དོ་ཙོར་འགྱུར།
34a5 བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་པ། བྲམ་ཟེ་དེ་ནི་ལྷ་དང་མྱི་རྣམས་ཀྱི་འདོད་པ་ལ་སྤྱོད་པར་འགྱུར་རོ།། གནས་འཇོ། ག་གིས་གསོལ་པ། ཀོའུ་ཏ་མ་འཕགས་པའི་ལམ་ཡན་ལག
34a6 བརྒྱད་དང་ལྡན་པའི་བསྙེནད་གནས་ཞེས་བཀྱིལ་བ་དེ་གང་ལགས། ཀོཉྩ་ཏ་ཇི་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ལ་བརྟེན་པས། ལྷ་དང་མྱི་རྣམས་ཀྱི་འདོད་པ་ལ་ཉེ་བར་སྤྱོད་པར
34a7 འགྱུར།། གནས་འཇོག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ།། འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པར་འདོད་པས་ནང་པར་ལངས་ནས། དགེལ་སློང་ངམ།
34a8 བྲམ་ཟེ་འམ། གཞན་གང་ཡང་རུང་བ་ཤེས་པ་ཞིག་གི་དྲུང་དུ་སོང་སྟེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་པ་པུས་མོ་གཡས་པའི་ལྒངས་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག
34a9 གྱིང་ཆེ་གེ་མོ་ཞེས་བགྱི་བཏུས་འདི་ནས་བཟུང་སྟེ། གང་དོ་ཆུབ་ཀྱི་མཚན་མོ་འདི་དང་། སང་ཉི་མ་འཤར་གི་བར་དུ་སྲོག་གཅོད་པ་སྤངས་ཤིང་། སྲོག་གཅོད་པ་ལས་སླར་ལྡོག་སྟེ། དབྱུག་པ་སྤངས་ཤིང་མཚོན




iiif viewer powered by OpenSeadragon

33b - 34b

Texts on this page

Ng22.4 - 'phags pa gnas 'jog pa'i mdo zhes bya ba