e-texts navigator
Collection
Volume
Page
Wylie

321a1 མང་ཆེར་ཀོ་རྣོ་སྡུག་པགས་དག་གིས་བརྫུར་གྱུར་གང་། དབང་ཤིས་རྣམ་པར་སྤེལ་ཕྱིར་ནག་ཏུ་དད་པར་བྱེད། འཕགས་པ་ཤ་མི་གྱི་དང་ཀྱེའུ་འགྲལ་འོད་སྲུང་། རོང་དུ་འཛིན་དངས་འསས་ཉེ་བར་འའོ
321a2 རིགས་རབ་ཏུ་འཇོམ་པ་དང་།། ཕུན་གསུམ་ཚོགས་བྱེད་རྨུགས་འཛིན་ཨུད་པལ་མདོག་ཅན་དང་།། རབ་འབྱོར་ང་དང་ནི་ལུས་འཕགས་རི་བོ་ཀུན་དཀའ་བོ།། བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར
321a3 བྱེད།། སྟོབས་ཆེན་བགེགས་ཀྱི་རིགས་ནི་རབ་ཏུ་འཇོམ་པ་དང་།། འོད་གཟེར་ལྡན་དང་ཆ་བྱད་རབ་ཏུ་འཚེར་བ་དང་།། དུག་སེལ་སྦྲུལ་གདུག་རྒྱགས་པ་རབ་ཏུ་འཇིགས་བྱེད་པ།། བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན
321a4 པར་བྱེད།། འཕྲོག་མ་རྣ་ཆ་རྣམ་པ་སྣ་ཚོགས་གཡོལ་འཀུལ་བ།། བུ་པོ་ལྔ་བརྒྱ་དཀ་ཀིས་བརྒྱན་པར་གྱུརང་དེ་དང་།། གནོད་སྦྱིནི་བདག་པོ་ལྔས་རྩེན་དང་ནི་པད་མའི་མྱིག།། བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པ
321a5 བྱེད།། ས་ལ་ཧ་ལ་སེམས་ཅན་ཀུན་ལ་ཕན་མཛད་དང་།། རིན་ཅེན་སྒྲོན་མར་གྲགས་དང་ནོར་གི་རྒྱུན་མཆོག་དང་།། གནོད་སྦྱིན་བདག་པོ་རྣམ་ཐོས་སྲས་པོ་དཔལ་ཐོབ་པ།། ། བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ
321a6 དྲན་པར་བྱེད།། ཐམས་ཅད་སྒྲོལ་བ་སྦྱིན་ཕོད་དམ་པ་གཟི་ཆེན་དང་བྱམས་པའི་སྟོབས་ནི་གཏོང་བའི་སྟོབས་ཆེན་ལྷག་པ་དང་།། སྤྲིན་ཀི་ཏོག་དང་ལྡན་པའི་བུ་གང་ཡིན་པ།། བཀྲ་ཤིས་རྣམ་པར་སྤེལ་ཕྱིར
321a7 རྟག་ཏུ་དྲན་པར་བྱེད།། རབ་ཏུ་དགའ་ལས་སྩོགས་པ་ས་བཅུ་དེ་དག་དང་།། དཔས་པས་བྱིན་པ་དེ་དང་གཙུག་ན་ནོར་བུ་དང་།། རྒྱལ་པོ་དམ་པ་ཟས་གཙང་དང་ནི་ཀ་པི་ན།། བཀྲ་ཤིས་རྣམ་པར་སྤེལ
321a8 ཕྱིར་རྟག་ཏུ་དྲན་པར་བྱེད།། ལུམ་པའི་ཚུལ་ནི་བུང་བ་ལང་ལོང་འཕུར་ལྡིང་ཞིང་མེ་ཏོག་འབྲས་བུ་རྣམ་པ་སྣ་ཚོགས་རྣམས་ཀྱིས་བརྒྱན།། མ་བྱ་དང་ནི་ཞུ་ཕྱུག་པོ་མོ་སྒྲ་འབྱིན་པ།། བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ
321a9 དྲན་པར་བྱེད།། བཙུད་མོ་སྒྱུ་འཕྲུལ་དང་ནི་དེ་བཞིན་གོའུ་ཏ་མི།། ཤཀ་ཀྱའི་བུ་མོ་རྫུ་འཕྲུལ་ཆེན་མོ་གྲགས་འཛིན་དང་།། ན་ར་འཛན་བསོད་ནམས་ལྡན་པ་འབབ་ཆུར་བཅས།། བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ
321a10 དྲན་པར་བྱེད།། འཇིག་རྟེན་དབང་ཕྱུག་པད་མ་བུད་པ་ཁྱུས་ལྡིང་དང་།། འཇམ་རབ་ཨུད་པ་ལ་སྔོན་པོ་ཡིད་དུ་འོང་བ་དང་།། མགོན་པོ་བྱམས་པའི་ནི་ཀླུ་ཤིང་མེ་ཏོག་རྣམས།། བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར




iiif viewer powered by OpenSeadragon

320b - 321b

Texts on this page

Ng22.57 - bkra shis kyi tshigs su bcad pa