| e-texts navigator |
| Wylie |
318b1 དེ་སྔམ་བྱི་བའི་སར་གྱི་བསྙེན་པར་བྱེད་དོ།། མྱིའི་ཁྲག་དང་མཆིལ་སྔབས་དང་། ངར་སྔབས་དང་། བུད་མ་གྱི་གཙང་བ་པ་ཞིང་། མྱི་གཙང་བ་སྲུང་ཞིང་། ཁུང་བྱེད་བུ་བཙས་པའི་ཁྲམ་མྱི་གཙང་བ་ཟ་བར་འགྱུར་རོ།། དེ་ནས་རྩེ།
318b2 རབས་ཁྲི་ཕྲག་ལྔ་བརྒྱར་ཁྱི་དང་ཕཀ་དང་། སྲུར་པ་ལས་སོགས་པའི་ལུསུ་གྱུར་ན། རྟག་པར་གནམ་ཞིང་བསྡོགས་པ་དང་། མྱི་གཙང་བ་ཟ་བར་གྱུར་ཏེ། དེ་ལྟ་བུའི་སྡུག་བསྔལ་བསྐལ་པ་གྲངས་ཁྲི་སྟོང་དུ་མྱོངས།
318b3 ཐར་པའི་དུས་བྱེད་དོ།། རྣམ་པར་ཐར་པར་དཀའོ།། ཤིན་ཏུ་མྱི་བཟང་པ་ཡང་བརྗོད་ཀྱིས་ཀྱི་ལང་ངོ་།། ཀལ་ཏེ་ལཀ་པ་པོ་མཚན་ལ་རེག་གམ། མོ་མཚན་ལ་རེག་ཀམ། ལག་པ་མྱི་གཙང་བས་དགེ་འདུན
318b4 ཀྱི་ཁ་ཟས་གཙང་མ་ལ་རེག་ཀམ། དགེ་འདུན་ཀི་ཁ་ཟས་དལ་མྱི་གཙང་བ་ནང་དུ་བཅུག་གམ། མྱི་གཙང་བའི་ཟས་དགེ་འདུན་དཟར་བཅུག་ན། དེ་ལྟ་བུའི་སྡིག་པ་རྣམ་པར་སྨིན་པ་ནི་ཐམས
318b5 ཅད་མྱིག་ཀྱི་ནད་ཀྱི་རིམས་བཏབ་པ་དང་། སྡིག་པ་མྱི་ཤེས་སོ།། ཕྱིན་ཆད་དགེ་འདུན་ཀི་ཁ་ཟས་ཀཙང་སྦྲ་བྱ་བ་དང་། ལག་པ་གཙང་མས་དགེ་འདུན་ཀི་ཁ་ཟས་ཀྱི་སྣོད་བཟུང་བ་དང་།
318b6 ལག་པ་གཙང་མས་ཁྲེ་འབྲས་བཀྲུ་བ་དང་། ཁ་ཟས་གཙང་མས་སྦྱིན་པ་བྱས་པ་ནི་བསོད་ནམས་བསམ་གྱིས་མྱི་ཁྱབ་པ་ཐོབ་པར་འགྱུར་རོ།། ཕྱིན་ཆད་འདི་ཡོངས་སུ་གྲགས་པ་དང་། མྱུར
318b7 བའི་ཡིད་ཀྱིས་ཟུང་ཤིག།། མཆོབ་རྣམ་པར་དག་པའི་མདོར། རྫོགས་སྷོ།།
318b8 རྒྱ་གར་སྐད་དུ།། མང་ག་ལ་ཀ་རཱ།། བོད་སྐད་དུ།། བཀྲ་ཤིས་ཚིགས་སུ་བཅད་པ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཕུན་གསུམ་ཚོགས་པ་མངའ་བ་གསེར་གི་རཱི།
318b9 པོ་འདྲ།། འཇིག་རྟེན་གསུམ་གི་མགོན་པོ་དྲི་མ་གསུམ་སྤངས་པ།། སངས་རྒྱས་པད་མ་རྒྱས་པའི་འདབ་མ་འདྲ་བའི་སྤྱན་མངའ་བ།། བཀྲ་ཤིས་དེ་ནི་སྐྱེ་དཀུ་ཞི་བྱེད་དང་པའོ།། དེའི་ས་ཉེ་བར་བསྟནད་པའི