| e-texts navigator |
| Wylie |
313b1 འཕགས་པ་ཁ་སིལ་གཽ་མདོ། རྫོགས་སྷོ།། །། ཁར་མིས་བཅང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག། ཁར་སིལ་ཡང་དག་པར་ལེ་ནད་པར་འདོད་པས། བཙུན་པ་གཅིག་གི་མདུན་དུ་པུས་མོ་ས་ལ།
313b2 བཙུགས་ཏེ་འདི་སྐད་དུ་བཙུན་པ་དགོངས་སུ་གསོལང་།། བདག་མྱིང་འདི་ཞེས་བགྱི་བ་དང་། བཙུན་པ་ལས་ཁར་སིལ་བཅང་བའི་སློབ་དཔོན་དུ་གསོལ་ལོ་ཞེས་གསོལ་ལོ་ཞེས་ལན་གསུམ་དུ་བཟླས་པར་བྱའོ།།
313b3 དགོངས་ཤིག་ཚེ་དང་ལྡན་པ་ཁྱོད་བླ་ན་མྱེད་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཁར་སིལ་ཡང་དག་པར་བླངས་ཏེ།། ཆོས་བཞིན་དུ་སྤྱོད་པར་བྱེད་དམ།། ལག་པ་ཡོངས་སུ་མྱི་གཙང་བས་དེ་ཡོངས་སུ་གཟུང་བར་གྱི
313b4 བྱེ། དགེ་འདུན་གི་གནས་སུ་འཇུག་པའི་ཚེ་མགོ་དང་མ་རྩེ་ད་དབྱུང་བར་བྱའོ།། ས་ལ་གཞག་པར་མྱི་བྱའོ།། ཀལ་ཏེ་ཁྱིམ་པའི་ཁྱིམ་དུ་འཇུག་ན། མ་རྩེ་རྒྱབ་ལོགས་སུ་བསྟནད་པར་བྱ
313b5 གལ་ཏེ་སྔ་དྲོ་ཁྱིམ་པའི་ཁྱིམ་དུ་བསོད་སྙོམས་ལ་འགྲོ་དགོས་པའིརྐྱེན་ཚོགས་བྱུང་བ་ན། ཥར་སིལ་ལན་གསུམ་ཀི་བར་དུ་དཀྲོལ་བར་བྱའོ།། སན་གསུམ་དཀྲོལ་ཏེ་མ་འོངས་ན། ལནྡ་སཱའི
313b6 བར་དུ་དཀྲོས་པར་བྱའོ།། ལན་སྔ་དཀྲོལ་ཏེ་མ་འོངས་ན། སན་བདུན་གི་བར་དུ་དཀྲོལ་བར་བྱའོ།། ལན་བདུན་དཀྲོལ་ཏེ་མ་འོངས་ན། མ་གཞན་བདུན་གི་བར་དུ་འགྲོ་བར་བྱའོ།། ཁྱིམ་བདུན་ག་པར
313b7 དུ་ཕྱི་ནད་ཏེ་མཆོག་པར་གྱུར་ད་ན་ཡང་དེར་ཟས་ཀྱི་བྱ་བ་བྱའོ།། ཞེས་ལྡན་གཉིས་ལན་གསུམ་གཽ་བར་དུ་བཟླ་བར་བྱའོ།། ཁར་སིལ་བཅང་བའི་ཆོ་ག་ནི་ཉི་ཤུ་རྩ་ལྔ་ཡོད་དེ། ས་ལ་སྤྲུལ་ཡོད་པའི་ཕྱིར་བཅང་བར་བྱ་བ
313b8 དང་། རྒས་པའི་ཕྱིར་བཅང་བར་བྱ་བ་དང་། བསོད་སྙོམས་སྤྱོད་པའི་ཕྱིར་བཅང་བར་བྱ་བ་དང་། འབྱུང་ཞིང་འཇུག་པ་ན་སྐུ་གཟུགས་མཐོང་བའི་ཚེ། སྨྲ་འབྱུང་བར་མྱི་བྱ་བ་དང་། ཁར་སིལ་ཐོགས་ནས་དགེ་འདུན
313b9 གི་ནང་དུ་འཇུག་པར་མྱི་བྱ་བ་དང་། དྲོ་ཡོལ་ཕན་ཆད་ཁར་སིལ་ཐོགས་ནས་འགྲོ་བར་མྱི་བྱ་བ་དང་། ཕྲག་པ་གཉིས་ལ་བཀལ་ཏེ་འགོ་གཉིས་འཕྱང་བར་མྱི་བྱ་བ་དང་། ཕྲག་པས་བཀུར་བར་མྱི་བྱ་བ་དང་། ལག་པ
313b10 དཀྱོག་པར་མྱི་བྱ་བ་དང་། ཁར་སིལ་ཐོགས་ནས་བཤང་གཅི་སར་འགྲོ་བར་མྱི་བྱ་བ་དང་། མཁན་པོ་དང་སློབ་དཔོན་དང་། ཁར་སིལ་ཐོགས་ཏེ་འགྲོ་བའི་ཕྱི་བཞིན་དུ་འགྲོ་བར་མྱི་བྱ་བ་དང་། གང་ཟག་བཞི་ཡན་ཅད་པར་སིལ