e-texts navigator
Collection
Volume
Page
Wylie

310a1 མྱི་འཇིགས་པ་བཞིས་བསྙེངས་པ་མྱི་མངའ་བ། ཁྱུང་མཆོག་གི་གནས་སུ་ཞལ་ཆེས་པ། སྐུ་ལ་སྲེད་མྱེད་ཀྱི་བུའི་ལུས་བརྟན་པར་འདུས་པ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ། དེ་རྣམས་ཀྱང
310a2 ཡིད་དུ་མྱི་འོང་བའི་སྐུ་སོང་བར་མཛད་པའི་ཆོས་ཅན་ནོ།། དགེ་སློང་དག་འདི་ལྟ་སྟེ། རྫ་མཁན་གྱིས་སྡོད་རྣམས་བྱས་པ་ནི་སོ་གཏོང་བ་འམ། སོ་མ་བཏང་བ་དེ་དག་ཐམས་ཅད་ཀྱང་མཐར་འཇིག་པ་དང་། མཐའ
310a3 ཟད་པར་འགྱུར་རོ།། དགེ་སློང་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་དང་སྲོག་ཆགས་ཐམས་ཅད་ཀྱི་གསོན་པའི་མཐའ་ནི་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འཆི
310a4 བར་མྱི་འགྱུར་བ་མྱེད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ་ལང་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོནང་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། ཀྱེ་མ་འདུ་བྱེད
310a5 རྣམ་མྱི་རྟག། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན།། སྐྱེས་ནས་འཇིག་པར་འགྱུར་བ་སྟེ།། དེ་བས་ཉེ་བར་ཞི་བ་བདེ།། དེ་ལྟར་རབ་ཏུ་འབར་བ་ལ།། དགའ་བར་ཅི་ཡོད་མགུའི་མུན་པའི
310a6 ནང་དུ་ཞུགས་པ་དག།། ཅི་ཕྱིར་སྒྲོན་མ་ཚོལ་མྱི་བྱེད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ་ལང་ནས། དགེ་སློང་དེ་དག་ཡི་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས
310a7 པ་ལ་མངོན་པར་བསྟོད་ངོ་།། མྱི་རྟག་པ་ཉིད་ཀྱི་མདོའོ།། ། རྫོགས་སྷོ།། །
310a8 རྒྱ་གར་ཀི་མཁན་པོ་ཀ་མ་ལ་ཀུབ་ཏ་དང་། ཞུ་ཆེན་གི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ།། གཏན་ལ་ཕབ་པ།། ། འཕགས་ལ་ཁར་སིལ་གི་མདོའ།།
310a9 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱེད་ཀྱིས་ཁར་བསིལ་འདི་ཡོངས་སུ་བཅང་བར་བྱ




iiif viewer powered by OpenSeadragon

309b - 310b

Texts on this page

Ng22.51 - mi rtag pa nyid kyi mdo
Ng22.52 - 'phags pa 'khar gsil gyi mdo