| e-texts navigator |
| Wylie |
309b1 འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འཆི་བར་མྱི་འགྱུར་བ་མྱེད་དོ།། གང་ཡང་བསམ་གཏན་གསུམ་པ་ཐོབ་པའི་ལྷ་རྣམས་ཏེ། དགེ་ཆུང་དང་། ཚད་མྱེད་དགེ་དང་། དགེ་རྒྱས་པ་སྟེ། དེ་དག
309b2 གི་ཡང་གསོན་པའི་མཐའ་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འཆི་བ་ཕྱི་འགྱུར་བ་མྱེད་དོ།། གང་ཡང་བསམ་གཏན་བཞི་པ་ཐོབ་པའི་ལྷ་རྣམས་ཏེ། སྤྲིན་མྱེད་དང་། བསོད་ནམས་འཕེལ
309b3 དང་། འབྲས་བུ་ཆེ་བ་དང་། འདུ་ཤེས་མྱེད་པའི་སེམས་ཅན་དང་། མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤི་ནད་ཏུ་མཐོང་དང་། གྱ་ནོམ་སྣང་དང་། འོག་མྱིན་གི་ལྷ་རྣམས་ཏེ། དེ་དག་གི་ཡང་གསོན་པའི་མཐའ་འཆི
309b4 པ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འཆི་བར་མྱི་འགྱུར་བ་མྱེད་དོ།། གང་ཡང་གཟུགས་མྱེད་པའི་ལྷ་རྣམས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་གཏོགས་པ་དང་། རྣམ་ཤེས་མཐའ་ཡས
309b5 སྐྱེ་མཆེད་དུ་ཉེ་བར་གཏོགས་པ་དང་། ཅུང་ཟད་མྱེད་པའི་སྐྱེ་མཆེད།། ཏུ་ཉེ་བར་གཏོགས་པ་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ། མཆེད་དུ་ཉེ་བར་གཏོགས་པ་དེ་དག་གི་ཡང་གསོན་པའི་མཐའ
309b6 འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འ་ཆི་བར་མྱི་འགྱུར་བ་མྱེད་དོ།། གང་ཡང་དགྲ་བཅོམ་པ་ཟག་པ་ཟ་ར་པ། བྱ་བ་བྱས་པ་བྱེད་ཀྱས་ཁུར་བོར་ལ། བདག་གི་དོན་རྗེས་སུ།
309b7 ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤི་ནད་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལྡ་ཏུ་སོན་པ། དེ་རྣམས་ཀྱང་ཡིད་དུ་མྱི་འོང་བའི
309b8 ལུས་སྤོང་བར་བྱེད་པའི་ཆོས་ཅན་ནོ།། ཀང་ཡང་སངས་རྒྱས་ཀསེ་རུ་ལྟ་བུ་དང་།། ཚོགས་ན་སྤྱོད་པ་བདག་ཉིད་གཅིག་པུ་རུལ་བར་བྱེད་ཅིང་།། བདག་ཉིད་གཅིག་པུ་ཞི་བར་བྱེད་ལ་བདག་ཉིད་ཡོངས་སུ་མྱ
309b9 ངན་ལས་འདས་པར་བྱེད་པ་དེ་རྣམས་ཡིད་དུ་མྱི་འོང་བའི་ལུས་སྤོང་བར་བྱེད་པའི་ཆོས་ཅན་ཡིན་ནོ།། གང་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོབས་དང་ལྡན་པ།