e-texts navigator
Collection
Volume
Page
Wylie

309a1 ཕྱུག་པ་ནོར་མང་བ།། ལོངས་སྤྱོད་ཆེ་བ། ནོར་བུ་དང་། མུ་ཏིཀ་དང་། བྱི་རུ་ནྱ་དང་། ཤང་ཀ་ཤི་ཀ་ལ་དང་། དྷུ་ནུ་དང་། གསེར་དང། དངུལ་དང་། ནོར་དང་། ལོངས་སྤྱོད་མང་བ་དང་། ནོར་འཇུག་འབྲུ་དང
309a2 དབྱིག་དང་། གསེར་དང་། མཛོད་དང་། བང་པ་བསྩོགས་པ་མང་བ་དང་། བྲན་པོ་དང་། བྲན་མོ་དང་། ལས་བྱེད་དང་། འོ་ཤས་འཚོ་བ་མང་བ་དང་། མཛའ་བཤེས་དང་། ཉེ་རུ་དང་། སྡུག་གི་གཉེར་མཚམས་མང་བ་རེ
309a3 ངག་གི་ཡང་གསོན་པའི་མཐའ་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ།། སྐྱེས་ནས་འཆི་བར་མྱི་འགྱུར་བ་མྱེད་དོ།། གང་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་བ།། ཡུལ་ཀི་མྱི་ལ་དབང་བའི་མཐུ་ཐོབ
309a4 པ། ས་ཆེན་པོའི་དཀྱིལ་འཁོར་དུ་མངོན་པར་རྒྱལ་བས་གནས་པ་དདེ་དག་གི་ཡང་གསོན་པའི་མཐའ་འཆི་བ་ཡིན། ཞིང་མཐར་འཆི་བར་འགྱུར་བ་སྟེ།། སྐྱེས་ནས་འཆི་བར་མྱི་འགྱུར་བ་མྱེད་དོ།།
309a5 གང་ཡང་དྲང་སྲོང་ནགས་ན་གནས་ཤིང་རྩ་བ་དང་། འབྲས་བུ་ཟལ་རྩ་བ་དང་། འབྲས་བུ་ལ་སྤྱད་པ་རྩ་བ་དང་། འབྲས་བུརསྤྱོད་ཅིང་གནས་པ་དེ་དག་གི་ཡང་གསོན་པའི་མཆི་བ་ཡིན
309a6 ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འཆི་བར་མྱི་འགྱུར་བ་མྱེད་དོ།། གང་ཡང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན
309a7 དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཏེ། དེ་དག་གི་ཡང་གསོན་པའི་མཐའ་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར་བ་སྟེ། སྐྱེས་ནས་འཆི་བར་མྱི་འགྱུར་བ་མྱེད་དོ།། གང་ཡང
309a8 གཟུགས་ཅན་གི་ལྷ་རྣམས་ཏེ། བསམ་གཏན་དང་པོ་ཐོབ་པ།། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་ཏེ། དེ་དག་གི་ཡང་གསོན་པའི་མཐའ་འཆི་བ་ཡིན་ཞིང་མཐར་འཆི་བར་འགྱུར
309a9 པ་སྟེ། སྐྱེས་ནས་འཆི་བར་མྱི་འགྱུར་བ་མྱེད་དོ།། གང་ཡང་བསམ་གཏན་ཀོ་ཉེས་པ་ཐོབ་པའི་ལྷ་རྣམས་ཏེ། འོད་ཆུང་དང་། ཚད་མྱེད་འོད་དང་། འོད་གསལ་བ་སྟེ། དེ་དག་གི་ཡང་གསོན་པའི་མཐའ




iiif viewer powered by OpenSeadragon

308b - 309b

Texts on this page

Ng22.51 - mi rtag pa nyid kyi mdo