e-texts navigator
Collection
Volume
Page
Wylie

308b1 བའི་སེམས་ཀྱིས་སྤོས་ཆུ་བཀང་བསྐོར་བག་འཛམ་བུ་ཆུ་ཀླུང་གསེར་གི་ཕུང་པོ་འབུམ།། དེ་ནི་དེ་དང་མཚུངས་པ་ཡོང་པ་མ་ཡིན།། མཁས་པ་གང་གི་སངས་རྒྱས་མཆོད་རྟེན་ལ།། དཀའ་བའི་སེམས་ཀྱིས་མར་མེ།
308b2 འཕྲུལ་བྱེད་པ།། འཛམ་བུ་ཆུ་ཀླུང་གསེར་སྲང་བྱེ་མ་འབུམ།། དེ་ནི་དེ་རང་མཚུངས་པ་ཡོད་མ་ཡིན།། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ།། དགའ་བའི་སེམས་ཀྱི་རྒྱལ་མཚན་འཕན་གདུགས་འདོགས།
308b3 གསེར་གི་རི་བོ་འདྲ་བའི་ཐོགས་སངས་རྒྱས།། དེད་དཔོན་བླ་ན་མྱེད་པ་ལ།། ཕུལ་བའི་ཡོན་ཏན་བས་ནད་པ་ཡིན།། བཞུགས་པའི་ཆེན་གང་གིས་མཆོད།། མྱ་ངན་འདས་འོག་གང་གིས་མཆོག། སེམས་དགའ
308b4 པ་ནི་མཚུངས་འགྱུར་ན།། བསོད་ནམས་གང་ལ་ཡང་ཁྱད་པར་སྐྱེ་ད།། འདི་ལྟར་སངས་རྒྱས་བསམ་གྱི་བྱང།། མཆོད་རྟེན་བསྐོར་བ་ཚིགས་སུ་བཅད་པ།། རྫོགས་སྷོ།།
308b5 རྒྱ་གར་སྐད་དུ།། ཨ་ནིད་ཏྱ་ཏ་སུ་ཏྲ། བོད་སྐད་དུ། གྱི་རྟག་པ་ཉིད་ཀྱི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི
308b6 ཐོས་པ་ནུས་ཅིགན།། བཅོམ་ལྡན་འདས་གཅར་ནུ་ཡོང་བ་རྒྱས་བུ་རྒྱལ་བྱེད་ཀྱིམལ་མགོན་བྱེད་པས་བྱིད་ཀྱི་ཀུན་དགའ་བན་གས་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་པ།
308b7 ཡངས།། དགེ་སློང་དག་འདུ་བྱེད་ཐམས་ཅད་བྱིགག་པ་དང་། ཀྱི་མརྟ་པ་དང་། ཡིད་བརྟན་པ་གྱི་རུང་བ་དང་། ཡོངས་སུ་འགྱུར་བའི་ཆོམ་ཅན་ཏེ།། དགེ་སློང་དག་ཆོས་ཀྱིས་འདུ་བྱེད་ཐམས་ཅད་ལས་སེམས་ཐོག
308b8 ཤིང་མ་ཆགས་པ་དང་། མ་ཞེནད་པ་དང་། རྣམ་པར་གྲོལ་བར་གྱིས་ཤིག། སེམས་ཅན་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་ཀྱི་གསོན་པའི་མཐའ་ནི་འཆི་བ་ཡིན་ཞིང་མཐར་འ
308b9 བར་འགྱུར་བ་སེ། སྐྱེས་ནས་འཆི་བར་མྱི་འགྱུར་བ་མྱེད་དོ།། གང་ཡང་ཁྱིམ་བདག་ཀི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་འམ། བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་འམ། རྒྱལ་རིགས་ཤིངས་ལ་ཆེན་པོ་ཝཱ་རུ།




iiif viewer powered by OpenSeadragon

308a - 309a

Texts on this page

Ng22.50 - mchod rten bskor ba'i tshigs su bcad pa
Ng22.51 - mi rtag pa nyid kyi mdo