e-texts navigator
Collection
Volume
Page
Wylie

305a1 བཅོ་བརྒྱད་དང་། སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་དྲན་པ་ཉེ་བར་བཞག་པ་མ་འདྲེས་པ་གསུམ་དང་། སྙིང་རྗེ་ཆེན་པོས་དཔག་ཏུ་མྱེད་པ་སྟེ། ཀུན་དཀའ་བོ་དེ་བཞིན་གཤེགས་པ
305a2 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་དཔག་ཏུ་མྱེད་པ་དང་ལྡན་པའི་ཕྱིར་རོ།། དེ་སྐད་ཅེས་བཀའ་སྩ་ལད་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན
305a3 འདས་འདི་ལྟ་སྟེ་ཆོས་ཀྱི་རྣམ་གྲངས་འདིན་པོ་མཚམ་ལགས་སོ།། བདེ་བར་གཤེགས་པ་ངོ་མཚར་ལགས་སོ།། ཆོས་ཀྱི་རྣམ་གྲངས་འདིའི་མྱིང་ཅི་ལགས།། འདི་ཇི་ལྟར་བཟུང་བར་བགྱི་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར
305a4 ཆོས་ཀྱི་རྣམ་གྲངས་འདི་མང་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ཤེས་པར་ཟུང་ཤིག། དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ནི་མང་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ཤེས་བྱ་བའི་ཚིག་བླ་དགས་སོ།། བཅོམ་ལྡན་འདས
305a5 ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའོ་ཡི། རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་རྨད་དུ་བྱུང་བའི་ཆོས
305a6 ཀྱི་རྣམ་གྲངས། རྫོགས་སྷོ། @། འཕགས་པ་ཚུལ་ཁྲིམས་ཉམས་པའི་རྣམ་པར་སྦྱིན་པ་ལྕི་ཡང་བསྟནད་པའི་མདོལ།།
305a7 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་ཀྱིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་ཀ་ལམང་ཀའི་གནས་འོད་མའི་འཚལ་ན་བཞུགས་ཏེ།། དེ་ནས
305a8 ཚེ་དང་ལྡན་པ་ལེའུ་འགལ་གི་བུ་ཆེན་པོ་བྱི་སྲོན་དུ་དུ་ཡང་དག་འཇོག་པ་ལས་ལངས་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་སོང་སྟེ། ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་ཚེངས
305a9 ལྡན་པ་མེའུ་འགལ་གི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་ཐེ་ཙོམ་མཆིས་ཏེ། དེ་ཞུ་བར་འཚལ་ན་བསྟན་དུ་གསོལ།། བཅོམ་ལྡན་འདས་ཀྱིས་མེའུ་འགལ་གི་བུ




iiif viewer powered by OpenSeadragon

304b - 305b

Texts on this page

Ng22.48 - 'phags pa rmad du byung ba zhes bya ba chos kyi rnam grangs
Ng22.49 - 'phags pa tshul khrims nyams pa'i rnam par smin pa lci yang bstan pa'i mdo