| e-texts navigator |
| Wylie |
304b1 རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་པས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིཔ
304b2 ལས་སྐྱུ་རུ་མའི་འབྲས་བུ་ཙམ་བྱས་ལ། ཁབ་ཙམ་གི་སྲོག་ཤིང་བཙུགས་ཏེ། སྐྱ་གུག་གི་ལོ་མ་ཙམ་གི་གདུགས་གསོལང་ནས། རས་ཀྱི་འབྲུ་ཙམ་ཀི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་ཀི་རིང་སྲེལ་བཅུག་ན་དེ་ནི་དེ་བས་ཆེས
304b3 བསོད་ནམས་ཆེའོ་ཞེས་ར་སྨའོ།། ཀུན་དགའོ་འཛམ་བུའི་ཀླིང་ལྟ་ཡང་ཞོག། ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་ཡང་ཞོག། ནུབ་ཀྱི་ཁན་ལང་སྤྱོད་ཀྱི་གླིང་ལྟ་ཡང་ཞོག། བྱང་གི་སྒྲ་མྱི་སྙན་གི་ཀླིང་ལྟ་ཡང་ཞོག། ལྷའི་དབང་པོ
304b4 བརྒྱ་བྱིན་ཀི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལྟ་ཡང་ཞོག། སྟེ། ཀུན་དགའ་བོ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམ་ས་ཡོད་དེ། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ཀར
304b5 ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གི་རང་བཞིན་དུ་བྱས་ཏེ། རྒྱུན། ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར། མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས
304b6 རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་ར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད
304b7 རྟེན་འཇི་བ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ། ཁབ་ཙམ་ཀི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་ཀི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་ཀི་རིང་སྲེལ་བཅུག
304b8 ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་པ་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཀྱིས་དཔག་ཏུ་མྱེད་པ། མ་ཀྱི་ཀྱི་འགྱེ་ག་ཡོདོ་པ་པག་ཏུ་མྱེད་པ། བརྩོན་འགྲུས་ཀྱིས་དཔག་ཏུ་མྱེད་པ། བས
304b9 གཏན་གིས་དཔག་ཏུ་མྱེད་པ། ཤེས་རབ་ཀྱིས་དཔག་ཏུ་མྱེད་པ། བྱམས་པས་དཔག་ཏུ་མྱེད་པ། སྙིང་རྗེས་དཔག་ཏུ་མྱེད་པ། དགའ་བས་དཔག་ཏུ་མྱེད་པ། བཏང་སྙོམས་ཀྱིས་དཔག་ཏུ་མྱེད་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ