e-texts navigator
Collection
Volume
Page
Wylie

304a1 འདུན་རྣམས་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་འདས་པའི་མཆོད་རྟེན་འཇིམ་པ་ལས་སྥུ་མུ་རའི་འབྲས་བུ་ཙམ་བྱས་ལ། ཁབ
304a2 གི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་ཀི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་ཀི་རིང་སེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་པ་སྨའོ།། ཀུན་དགའ་བོ་འཛམ
304a3 བུའི་གླིང་ལྟ་ཡང་ཞོག། ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་ཡང་ཞོག། ནུབ་ཀྱི་བན་ཡང་སྤྱོད་ཀྱི་གླེང་ལྟ་ཡང་ཞོག། ཀུན་དགའ་བོ་བྱང་གི་སྒྲ་མྱི་སྙན་ཅེས་བྱ་བའི་གླིང་ཡོད་དེ། ཆུར་ནི་དཔག་ཚད་ཁྲི། རྒྱར་ཡང་དཔག་ཚད་ཁྲི
304a4 སྟེ། ཀུན་ནས་གྲུ་བཞི་ལྷམ་པར་གྲུབ་པ་དེ། རིགས་ཀྱི་བུ་འམ་རི་གས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གྱིས་རིན་པོ་ཆེ་སྣ་བདུན་ཀི་རང་བཞིན་དུ་བྱས་ཏེ། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང
304a5 བ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་ན།། མས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློ། ང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས
304a6 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིབ་ལས་སྥུ་རུ་རའི་འབྲས་བུ་ཙམ་བྱ་ས་ལ། ཁབ་ཙམ་གི་སྲོག་ཤིང་བཙུགས་ཏེ། བྱ་ཤུག་གི་ལོ་མ་ཙམ
304a7 གི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་ཀི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གི་རིང་སྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ད་སྨའོ།། ཀུན་དཀའ་བོ་འཛམ་བུ་ཀླིང་ལྟ་ཡང་ཞོག། ཤར་གྱི་ལུས་འཕཀྲ
304a8 ཀི་གླིང་ལྟ་ཡང་ཞོག། ནུབ་ཀྱི་བན་ཡང་སྤྱོད་ཀྱི་གླེབ་ལྟ་ཡང་ཞོ་ཀ། བྱང་གི་སྒྲ་མྱི་སྙན་གི་གླིང་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ་ལྷའི་དབང་པོ་བརྒྱ་བྱིན་ཀི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ། དེ་རིགས་ཀྱི་བུ་འམ
304a9 རིགས་ཀྱི་བུ་མོ་དད་པ་ཅན་ཀཔལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གི་རང་བཞིན་ཅན་ཏུ་བྱས་ཏེ། རྒྱུ་ནད་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང།




iiif viewer powered by OpenSeadragon

303b - 304b

Texts on this page

Ng22.48 - 'phags pa rmad du byung ba zhes bya ba chos kyi rnam grangs