e-texts navigator
Collection
Volume
Page
Wylie

303a1 དང་གི་ལྡ་ལྡི་མང་པོ་སྦྱངས་པ་ཞིག་མཐོང་ནས་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཀར་ལ་ལ་ཞིག་གྱིས་ཁང་པ་བརྩེགས་པ་འདི་ལྟ་བུ་བྱས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན
303a2 ལ་ཕུལ་བ་དང་། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་ནུ་རའི་འབྲས་བུ་ཙམ་བགྱིས་ལ། ཁ་བ་ཙམ་ཀི་སྲོག་ཤིང་།
303a3 བཙུགས་ཏེ། རྒྱ་ཤུག་གྱི་ལོ་མ་ཙམ་གི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བགྱིས་ལ། ཡུངས་འབྲུ་ཙོགི་རིང་སེལ་སྩལ་ན་དེ་གཉིས་ལས་བསོད་ནམས་ཤི་ནང་དུ་ཆེ་བ་ཀ་པ་ལགས་སྙམ་མོ།། བདག།
303a4 གིས་ཡང་འདི་སྙམ་དུ་བསམས་ཏེ།། སྟོནད་པ་ནི་བདག་གི་མངོན་གསུམ་དུ་གྱུར་པ།། བདེ་བར་གཤེགས་པ་ནི་བདག་གི་མངོན་གསུམ་དུ་གྱུར་ཀྱིས།། བཅོམ་ལྡན་འདས་ལ་བདག་གིས་དོན་འདི་ཉིད་གསོལང
303a5 ཏེ། བཅོམ་ལྡན་འདས་ཀྱིས་བདག་ལ་ཇི་སྐད་བསྟན་པ་དེ་བཞིན་དུ། བཟུང་བར་ངར་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་ལ་བདག་དོན་འདི་ཉིད་ཞུ་ལགས་ན། ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བཅོམ
303a6 ལྡན་འདས་ཀྱིས་བདག་ལ་དོན་འདི་ཉིད་ལེགས་པར་བསྟན་དུ་གསོལ།། དེ་སྐད་ཅེས་གསོལང་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དཀའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད་སྐྱེའོ།
303a7 མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་ནས། ལྷ་དང་མྱི་རྣམས་ལ་ཕན་པ་དང་བདེ་བའི་དོན་གི་ཕྱིར་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཉིད་འདྲི་བར་སེམས་པ་ནི་ལེགས
303a8 སོ་ལེགས་སོ།། ཀུན་དཀའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། ཀུན་དགའ་བོ་འཛམ་བུ་གླིང་གི་གླིང་ནི་ཆུར་དཔག་ཚད་བདུན་སྟོབ། བྱང་དུ་ནི་ཁ་ཚོན་ཆེ་བ། ལྷོར་མོ་སོགས་ཀར་འདུག
303a9 པ་དེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གི་རང་བཞིན་དུ་བྱས་ཏེ།། རྒྱུ་ནད་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མྱོ་འོང་བ་རྣམས་དང་། དགྲ་བཅོམ་པ་ནི




iiif viewer powered by OpenSeadragon

302b - 303b

Texts on this page

Ng22.48 - 'phags pa rmad du byung ba zhes bya ba chos kyi rnam grangs