| e-texts navigator |
| Wylie |
302b1 ཚེ་དང་ལྡན་པ་ཀུན་དཀའ་བོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་མཐར་ཆགས་སུ་བསོད་སྙོམས་སྤྱོད་པའི་ཚེ།། ཕྱོགས་ཤིག་མཁང་པ་རྩེགས་པ་སྒོ་བརྐྱང་ཅུ་ཡོད་ལ་བྱུག་ལས་བྱུགས་པ། གདུགས་དང་རྒྱལ་མཚན་དང་པ་དན་བསྒྲེང་པ
302b2 དར་གི་སྔ་ལྡི་མང་པོ་སྦྱངས་པ་ཞིག་མཐོང་ནས་དེ་འདི་སྙམ་སེམས་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཀ་པལ་ལ་ཞིག་ཀིས། ཁང་པ་བརྩེགས་པ་འདི་ལྟ་བུ་བྱས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ
302b3 བ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རོའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གི་སྲོག་ཤིང་བཙུགས་ཏེ། རྒྱ
302b4 ཤུག་གི་ལོ་མ་ཙལ་གི་གདུགས་གསོལ་ནས། ནས་ཀྱི་འབྲུཙས་ཀཾ་སྐུ་གཟུགས་བྱས་ལ་ཡུངས་འབྲུབ་མ་གི་རིང་སེལ་བཙུགས་ན་དེ་ཀས་ལས་བསོད་ནམས་ཤིན་ཏུ་ཆེ་བ་ཀང་ཡིན་སྙམ་མོ།། དེ་ཡང་འ།
302b5 སྙམ་དུ་སེམས་ཏེ། སྟོན་པ་ནི་བདག་གི་མངོན་གསུམ་དུ་གྱུར་། བདེ་བར་གཤེགས་པ་བདག་གི་མངོན་གསུམ་དུ་གྱུར་ཀྱིས། བཅོམ་ལྡན་འདས་ལ་བདག་གིས་དོན་འདི་ཉིད་གསོལང་ཏོ།། བཅོམ་ལྡན
302b6 འདས་ཀྱིས་བདག་ལ་ཇི་སྐད་བསྟན་པ་ནི་དེ་བཞིན་དུ་གཟུང་བར་བྱའོ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་ཀུན་དཀའ་བོ་རྒྱལ་པོའི་ཁབ་དུ་བསོད་སྙོམས་བླངས་ཏེ། ཟས་ཀྱི་བྱ་བ་བྱས་ནས་བསོད་སྙོམས་ཀྱི་ཟས་ཕྱི་མ་སྤངས
302b7 ཏེ། ཆོས་ཀོས་དང་ལྷུང་བཟེད་བཞག་ནས་རྐང་པ་བཀྲུས་ཏེ།། བཅོམ་ལྡན་འདས་ཀ་ལ་བ་དེར་སོང་ནས། ཕྱིནད་པ་དང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ
302b8 འདུག་ནས་ཀྱང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ལ་འདིར་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་། ཤམ་ཐབས་བཀོས་ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད
302b9 སྙོམས་ཀྱི་སླད་དུ་ཞུགས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་མཐར་ཆགས་སུ་བསོད་སྙོམས་སྤྱོད་པའི་ཚེ།། ཕྱོགས་ཤིཀ་ན་ཁང་པ་བརྩེགས་པ་སྒོ་བརྒྱད་ཅུ་མཆིས་ལ།། བྱུག་པས་བྱུགས་པ་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ།