| e-texts navigator |
| Wylie |
302a1 ཐོས་པ་མ་པ་དང་ཆོས་འཛིན་དང་།། ཤེས་རབ་ལྡན་ཞིང་ཐ་རད་པ་མཛད།། ཡོན་ཏན་རྣམས་ལ་དཀའ་བའི་ཕྱི།། དེ་དག་དཀའ་ལྡན་ཉེ་བར་འགྲོ།། མྱི་གང་རང་ཉིད་འདུལ་བ་ལ།། ཤུགས་ཤིང་ཚུལ་ཁྲིམས་དཔོན
302a2 པ་ལ།། སྤྲོ་བ་ཆེ་དང་ལྡན་པ་དེ།། གདོན་མྱི་ཟ་བར་འཕྲུལ་དཀར་འགྲོ།། སེམས་ཅན་གང་དག་ཞུམ་མྱེད་ཅིང་།། སྤྲིན་འདུལ་ཡང་དག་སྡོམ་པ་ཡིས།། ཕུལ་བྱུང་ཡོན་ཏན་ལྷག་འགྱུར་པ། དེ་དག་ཉེས་པར་གཞན་འཕྲུལ་འགྲོ།། །
302a3 ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འཐོབ།། ཀ་སམ་གཏན་གིས་ནི་ཁྱད་པར་འགྱུར།། ཡང་དག་ཅི་བཞིན་ཡོངས་ཤེས་པས།། མཐར་ནི་ཡང་སྲེད་མྱེད་པར་འགྱུར།། དགེ་བ་ཡིས་ནི་བདེ་བ་ཐོབ།། མྱི་དགེ་བ་ལས་སྡུག
302a4 བསྔལ་འབྱུང་།། དེ་ལྟར་དགེ་དང་མྱི་དགེ་བའི།། ལས་དང་འབྲས་བུ་གསལ་བར་བསྟན།། མྱི་སྡུག་པ་དང་ཕྲད་པ་དང་།། ལས་རྣམས།། རང་གི་འབྲས་བུར་བཅས།། འཆི་དང་ན་དཔ་རྒ་བ་ཉིད།། གསུམ
302a5 པོ་འདི་ལ་བསམ་པར་བྱ།། དེ་ལྟར་ན་ནི་ཆགས་བྲལ་འཐོབ། ཆགས་དང་བྲལ་ན་བསོད་ནམས་འཐོབ།། སྡིག་པ་དག་ཀྱང་སྤོང་།། བར་འགྱུར།། དེ་དག་གཉིས་ཀྱང་མོད་ཉོན་ཅིག།། ཡང་དག་གཞན
302a6 གི་དོན་བྱེད་དང་།། གཞན་ལ་དོན་མྱེད་སྤོང་བ་ནི།། བསོད་ནམས་བཟློག་པ་སྡིག་ཡིན་པར།། བདག་ཉིད་ཆེན་པོས་དེ་སྐད་གསུ་རས།། ། ལྔའི་རབས་རྫོགས་སྟོ།།
302a7 དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། 9། རྒྱ་གར་སྐད་དུ། ཨརྱ་ཨད་བྷུ་ཏ་དྷརྨ་པ་རྱ་ཡ་ན་མ།། བོད་སྐད་དུ།
302a8 འཕགས་པ་རྨད་དུ་བྱུང་བ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གྱིས་ཟོས་པ་དུས་ཅིག་མ། བཅོམ་ལྡན་འདས་རྒྱལ་པོའི་ཁབ
302a9 ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དཀའ་བོ་སྔ་དྲོའི་དུས་ཀྱི་ཚེ།། ཆོས་གོས་དང་ཤམ་ཐབས་བགོས་ཏེ་ལྷུང་ཟེད་ཐོགས་ནས་རྒྱལ་པོ་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ།