| e-texts navigator |
| Wylie |
296b1 དག་པའི་མཐའ་ལ་གནས་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་རྣམས་སོ།། འཕགས་པ་སངས་རྒྱས་རྗེས་སུ་དྲན་པ།། རྫོགས་སྷོ།
296b2 རྒྱ་གར་གི་མཁན་པོ་ཕྲད་ཉ་བར་མ་དང་། ཞུ་ཆེན་ཀི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ།། ། རྒྱ་ཀར་སྐད་དུ། མ་ཧ་པ་རི་ནི་ར་པ་ན་སུ་ཏྲ།
296b3 བོད་སྐད་དུ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་ཅིག་ན། བཅོམ་ལྡན་འདས་ཀུ་ཤ
296b4 གྲོང་ཁྱེར་ཀྱང་ཀི་ཉེ་འཁོར་ཤིང་ས་ལ་ཟུང་གི་ཚལ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།། དེ་ཕྱི་མའི་དུས་དང་ཉེ་གྱུ་རང་པ་ན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ
296b5 དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དཀའ་བོ་ང་ཡོད། ས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་དང་པོ་ལ་ནི་བསྟན་པ་ལ་ཆོས་ལ་བླ་མར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་ཆོས་ཀྱི
296b6 དཀའ་ར་བ་ལ་དཀའ་བ་དང་ལྡན་པར་གནས་པར་འགྱུར་ཞིང་། ཞིང་ཤེས་པ་ལ་མཁས་པ་དང་། ཤེས་རབ་དམ་པ་དང་ལྡན་པའི་རང་བཞིན་ཅན་དུ་འགྱུར་རོ།། ཀུན་དགའ་བོ་ཡང་དེའི་ཚེ་རྒྱལ་པོ་མྱ་ངན་མྱེད་ཅེས་བྱ
296b7 བ་འཛམ་བུའི་གླིང་གི་དབང་ཕྱུག་ལ་དབང་བྱེད་པར་འགྱུར་ཏེ། དེ་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གི་རིང་བསྲེལ་གི་མཆོད་རྟེན་རྒྱ་ཆེར་བྱེད་པར་འགྱུར་རོ།། ཀུན་དཀའ་བོ་ང་ཡོངས་སུ་མྱ་ངན་འདས་ནས་ལོ་བརྒྱ་ཕྲག
296b8 གཉིས་པ་ལ་ནི། བསྟན་པ་རྣམ་པར་གྲོལ་བའི་སྙིང་པོ་ཅན་དུ་འགྱུར་རོ།། ཉན་ཐོས་རྣམས་ཀྱང་ངས་སྟོན་པར་རྟོག་ཅིང་སྟོནད་པར་མཁས་པར་བྱེད་པར་འགྱུར་རོ།། ཀུན་དགའ་བོར་ཡོངས་སུ་མྱ་ངན་ལས་འདས་ནས་ལོ
296b9 བརྒྱ་ཕྲག་གསུམ་པ་ལ་ནི། བསྟནད་པ་བསྒྲུབ་པ་སྙིང་པོར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་གཉི་གའི་ཆ་ལས་རྣམ་པར་གྲོལ་བར་འགྱུར་བ་ལུས་ཀྱི་མངོན་གསུམ་དུ་བྱེད་ཅིང་། མཐོང་བས་ཐོབ་པ་དང་། ཤེས་རབ་ཀྱིས