| e-texts navigator |
| Wylie |
296a1 པ་ལ་མངོན་པར་བསྟོད་དོ། མྱི་རྟག་པ་ཉིད་ཀྱི་མདོར་རྫོགས་སྷོ།། @། རྒྱ་ཀར་སྐད་དུ། ཨརྱ་བུད་དྷམ་ནུ་སྨི་ཏེ།། བོད་སྐད་དུ་འམཀྶ་།
296a2 སངས་རྒྱས་རྗེས་སུ་དྲན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་ལྟར་བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས
296a3 སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེནད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མྱེད་པ། ལྷ་དང་མྱི་རྣམས་ཀྱི་སྟོནད་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན
296a4 པ། དགེ་བའི་རྩ་བ་རྣམས་ཆུད་མྱི་ཟ་བ། བཟོད་པས་བརྒྱན་པ། བསོ་ད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེའ་བྱད་བཟང་པོ་རྣམས་ཀྱིས་སྭ་ས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན
296a5 པ། མཐོང་ན་མྱི་མཐུན་པ་མྱེད་པ། དད་པས་མོས་པ་རྣམས་ལ་མདོ་ན་པར་དགའ་བ། ཤེས་རབ་ཟིལ་གྱིས་མྱི་ནོན་པ། སྟོབས་རྣམས་ཀྱིས་རྫི་བ་མྱེད་པ་སེམས་ཅན་ཐམས་ཅད་ཀྱི་སྟོནད་པ། བྱང་ཆུབ
296a6 སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེང་ར་པོ་དེ། ཡེ་ཤེས་དཔག་ཏུ་མྱེད་པ། སྤོབས་པ་བསམ་གྱིས་མྱི་ཁྱབ
296a7 བྱ། གསུང་རྣམ་པར་དག་པ། གསུངས་གདངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མྱི་ཤེས་པ། སྐུ་མཚུངས་པ་མྱེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མྱེད་པ་དག་དང་མ
296a8 འདྲེས་པ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མྱི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤི་ནང་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲེད་པ་ལས་ཡོངས
296a9 ཝ་གྲོལ་བ། མུ་བོ་ལས་ཞལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཞེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་ཀྱི་གནས་པ། ཡང