e-texts navigator
Collection
Volume
Page
Wylie

295b1 ཀུན་དཀའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལྡ་པ། དགེ་སློང་དག་ཆོས་བཞི་པོ་འདི་དག་ནི་འཇིག་རྟེན་ཐམས་ཅད་ལ་སྟུག་པ་དབེན
295b2 པ་ཕངས་པ་ཡིད་དུ་འོང་བ། མངོན་པར་དགའ་བར་བྱའོ།། བཞི་གང་ཞེ་ན་དགེ་སློང་དག་ནད་མྱེད་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ་དབེན་པ་འཕངས་པ་ཡིད་དུ་འོང་བ་མངོན་པར་དཀའ་བར་བྱའོ།། ནད་མྱེད་པ་དེའི་མཐའ་ཡང
295b3 ནད་ཡིན་ཏེ། དགེ་སློང་དག་ནད་ནི་འཇིག་རྟེན་ཐམས་ཅད་ལ་མྱི་སྡུག་པ་མྱི་དབེན་པ་མྱི་འཕངས་པ་ཡིད་དུ་མྱི་འོང་བ་མངོན་པར་དཀའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་ལང་ཙོ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ་དབེན་པ
295b4 ཕངས་པ་ཡིད་དུ་འོང་བ་མངོན་པར་དཀའ་བར་བྱའོ།། ལང་ཙ་དེའི་མཐའ་མ་ཡང་རྒས་པ་ཡིན་ཏེ། དགེ་སློང་དག་དགས་པ་ནི་འཇིག་རྟེན་ཐམ་ས་ཅད་ལ་མྱི་སྡུག་པ་མྱི་དབེན་པ་མྱི་ཕངས་པ། ཡིད་དུ་མྱི་འོང་བ
295b5 མངོན་པར་དགའ་བར་བྱ་བ་མ་ཡིན་ནོ།། དགེ་སློང་དག་འབྱོར་ད་པ་ནི་འཇིག་རྟེན་ཐམས་ཅད་ལ་སྟུག་པ་དབེན་པ་ཕངས་པ་ཡིད་དུ་འོང་བ་མངོན་པར་དཀའ་བར་བྱའོ།། འབྱོར་པ་དེའི་མཐའ་ཡང་རྒུད་པ་སྟེ།
295b6 དགེ་སློང་དག་རྒུད་པ་ནི་འཇིག་རྟེན་ཐམས་ཅད་ལ་མྱི་སྟུག་པ་མྱི་དབེན་པ། མྱི་ཕངས་པ་ཡིད་དུ་མྱི་འོང་བ་མངོན་པར་དཀའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་སྲོག་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ་དབེན
295b7 པ་ཕངས་པ། ཡིད་དུ་འོང་བ་མངོན་པར་དཀའ་བར་བྱའོ།། སྲོག་དེའི་མཐའ་ཡང་འཆི་བ་སྟེ། དགེ་སློང་དག་འཆི་བ་ནི་འཇིག་རྟེན་ཐམས་ཅད་ལ་གྱི་སྡུག་པ་མྱི་དབེན་པ་མྱི་ཕངས་པ་ཡིད་དུ་མྱི་འོངས་པ་མངོན་པར་དགའ་བ་མ་ཡིན་པའོ།།
295b8 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོནད་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། ནད་མྱེད་ཀྱི་རྟག་ལང་མོ་ཏག་མ་ཡིན།། འབྱོར་ད་པ་མྱི་རྟག་སྲོག་ཀྱང
295b9 རྟག་མ་ཡིན།། སྐྱེ་བོ་མྱི་རྟག་ཉིད་ཀྱིས་ཉེན་གྱུར་པ་ན།། འདོད་པའི་ཡོན་ཏན་དགའ་བ་ཇི་ལྟར་སྐྱེ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས




iiif viewer powered by OpenSeadragon

295a - 296a

Texts on this page

Ng22.44 - mi rtag pa nyid kyi mdo