e-texts navigator
Collection
Volume
Page
Wylie

295a1 ཁྱིམ་དུ་འགྲོ་བར་གནང་སྟེ། གསོའ་མ་འམ་ཁྲིའི་ཕག་ཏུ་ལུས་སྦས་ནས། ཀུན་ཀྱང་ཟས་བབ་པར་གྱུརྡ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཐམས་ཅད་ཐ་རད་པར་བྱེད་པ་ཡང་། མེའུ་འགལ
295a2 གི་བུ་ཁྱོད་ཀྱི་སྲི་ཞུའི་བསོད་ནམས་ཀྱི་ཚོགས་ཀྱིས་ཐོབ་པར་གྱུར་ད་ཅིག་ཅེས་སྨོན་ལམ་བཏབ་ནས། མེའུ་འགལ་ཁྱི་མོ་དེ་ལས་ལ་རད་ནས། བུ་མོ་ཤིན་ཏུ་མཛེས་པའི་ལུས་ཐོབ་སྟེ། དེ་ནས་མེའུ་འགལ་ཀི་བུས་མཐོ་རིས་སུ་ཕོའི་ཀམ
295a3 དུ་ཁྲིད་ནས་པ་ལ་གཏད་ངོ་།། དེ་ནས་གྲངས་པའི་མཐོ་རས་ཀྱི་ལྷ་རྣམས་ཏུས་ཅིག་ཏུ་མངོན་པར་དགའ་སྟེ། མེའུ་འགལ་ཀི་ཤུ་སྲི་ཤུ་བསྟོད་ནས། འདི་སྐད་ཅེས་སྨྲས་སོ།། འདི་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་གསེར
295a4 གི་ཞལ་ནས་བརྒྱུད་པ་ཡིན་ཏེ། ཕ་མ་ལ་སྲི་ཤུ་བྱེད་ན། སངས་རྒྱས་དཐམས་ཅད་ཀྱིས་བསྔགས་པ་ཡིན་ནོ་ཞེས་སྨྲས་སོ།། དེ་ནས་མཐོ་ཀྱི་ལྷ་རྣམས། བཅོམ་ལྡན་འདས་ཀ་ལ་བ་དེར་འོངས་ཏེ། རིན་པོ་ཆེ
295a5 སྤོས་ཀྱིས་མཆོད་པ་བྱས་ནས། འདི་སྐད་ཅེས་གསོལ་ཏོ།། སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ཚོགས་བྱས་ན་ཀུན་ཀྱང་མཐོ་རེས་སུ་སྐྱེ་བ་ཡིན་ཏེ། མཐོ་རིས་བདེ་བ་སེམས་ཅན་གང་གིས་ཀྱང་ཆ
295a6 བྱེད་དེ། མཐོ་རིས་ན་རིན་པོ་ཆེ་སྣ་ཚོགས་པའི་ཀོས་གྱོན་ཏེ། སྤྲིན་ཆོག་ས་སྣ་ལྔས་བརྟག་ཅིང་ནམ་མཁའ་ལྡིང་པོ་དགའ་ལྡན་གི་ལྷའི་གནས་འཁོ་ར་རྣམ་བཞི་བསྐོར་ཏེ་སྐད་ཅིག་དྲན་པ་མྱི་ཉམས་ཤིང་། སེམས་དག
295a7 ན་ལོ་སྟོང་གི་ཚེ་ཐུབ་སྟེ། སེམས་ཅན་ཀང་ཡང་མཐོ་རིས་སུ་སྐྱེ་བར་འདོད་ན། བསོད་ནམས་ཀྱི་ཚོགས་ཀྱི་ཚོགས་ཀྱིས་ཀུན་ཀྱང་བདེ་བ་དེར་སྐྱེས་པར་གྱུར་ཏོ།། ། འཕགས་པ་མེའུ་འགལ་གི་བུ་ཆེན་པོས་མ
295a8 དམྱལ་ཁམས་ནས་དྲངས་པའི་མདོ།། རྫོགས་སྷོ།། རྒྱ་ཀར་སྐད་དུ། ཨ་ནི་ཏྱཏྲ་སཱུ་ཏཱ།། བོད་སྐད་དུ། མྱི་རྟག་པ
295a9 ཉིད་ཀྱི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་ཀཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚིལ་མགོན་མྱེད་ཟས་སྦྱིན་གྱི




iiif viewer powered by OpenSeadragon

294b - 295b

Texts on this page

Ng22.43 - 'phags pa me'u dgal gyi bu chen po ma dmyal khams nas drangs pa'i mdo
Ng22.44 - mi rtag pa nyid kyi mdo