| e-texts navigator |
| Wylie |
280b1 དག་པར་བླངས་པ་དང་མྱི་ལྡན་པའོ།། སྦྱངས་པའི་ཡོན་ཏན་ཀི་མཚན་ཉིད་ཅི་ཡིན། མནོག་ནི་ཅི་ཡིན། ཉེ་བར་གནས་པ་ནི་ཅི་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་གི་མཚན་ཉིད་ནི་འདོད་པ་ཆུང་བ་ཉིད་དོ།། མནོག་ནི
280b2 ཆོག་ཤེས་པའོ།། ཉེ་བར་གནས་པ་ནི་ཡོ་བྱད་སྦྱངས་པའོ།། རྣམ་པ་གཅིག་ཏུ་ན་མཚན་ཉིད་ནི་མ་འབཀས་པའོ།། མདོག་ནི་ཉེས་དམྱིགས་མྱེད་པའོ།། ཉེ་བར་གནས་པ་ནི་བརྩོན་པ་མྱི་འདོར་བའོ།། སྦྱངས་པའི
280b3 ཡོན་ཏན་གི་ཐོག་མ་ནི་གང་ཡིན། བར་མ་ནི་ཀ་པ་ཐ་མ་ནི་གང་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་གི་ཐོག་མ་ཡང་དག་པར་ལེ་ནད་པའོ།། བར་མ་ནི་སྟེནད་པའོ།། ཐ་མ་ནི་བར་དྱ་དགའ་བའོ།། རྣམ་པར་གྲོལ
280b4 བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟནད་པ་ཞེས་བྱ་བ་སྟེ། ཀུན་ནས་བཏུས་པ་གསུམ་པའོ།། རྫོགས་སྷོ།། ། རྒྱ་གར་གི་མཁན་པོ་འདི་དྱ་ཀ་ར་པྲ
280b5 བྷ་དང་། ཞུ་ཆེན་གི་ལོ་ཙ་བན་དེ་དཔལ་རྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་ཀར་སྐད་དུ། ཨ་རྱ་ར་བ་པུ་ཏྲ་བྷ་བི་ན་རག
280b6 མ་འཀུ་ཤ་སཱུ་ཏྲ།། བོད་སྐད་དུ། འཕགས་པ་མེའུ་འགལ་ཀི་བུ་ཆེན་པོས་ལ་དམྱལ་ཁམས་ནས་དྲངས་པ་བཤད་པའི་མདོ། འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན། སྔོན་ཐུང་བ་རྒྱལ
280b7 པོའི་ཁབ་ན། ཁྱིམ་བདག་ཕྱུག་པོ་ཞེས་བྱ་བ་ཞིག་ཡོད་དེ། རུས་ནི་དཀར། མྱིང་ནི་ཕྱུག་པོའི་མཚན་ཞེས་བྱ་སྟེ། ཤིན་ཏུ་ཕྱུག་ཅིང་ལོངས་སྤྱོད་དང་ལྡན་ཏེ། ནོར་དང་རིན་པོ་ཆེའི་བང་མཛོད་ན་བརྗོད་ཀྱིས་ཀྱང་མྱི་ལང
280b8 ངོ།། ཁྱིམ་བདག་དེ་ལ་བུ་ཅིག་ཡོད་དེ། མྱིང་ནི་ལ་ཕོག་ཅེས་བྱ་སྟེ། ལོ་ཀ་སུཾ་སྔོ་ནས་པ་དང་བྲལ། མ་དང་ལྷན་ཅིག་ཏུ་འདུག་གོ།། དེ་ནས་ཁད་ཀྱིས་ཆེར་སྐྱེས་ནས། ཕྱི་རོལ་ཏུ་བྱུ་བའི་འདུ་ཤེས་སྐྱེས་ཏེ། ནོར
280b9 ཟས་བསྡུས་ནས་ཆ་གསུམ་དུ་བགོས་སོ།། ཆ་གཅིག་ནི་གནམ་མཐའ་འོག་ཀི་ཁར་ཀི་དབུལ་འབོངས་པ་ལ་བསྔོས།། ཡང་ཆ་གཅིག་ནི་དཀོན་མཆོག་གསུམ་ལ་བསྔོས། ཡང་ཆ་གཅིག་ནི་ཨའི་རྒྱུ་རྐྱེན་དུ་བཞག།