e-texts navigator
Collection
Volume
Page
Wylie

280a1 སྦྱངས་པའི་ཡོན་ཏན་བསྟེན་པ་ཡང་དག་པར་བླངས་པ་ཡོ་བྱད་བསྙུངས་པ་ལ་བརྟེན་ནས། རྟག་ཏུ་བཀ་ཡོད་པར་འགྱུར་ཞིང་བཀ་ཡོད་ན་གཏི་མུག་རྣམ་པར་གནོན་པར་འགྱུར་རོ།། དེ་ལྟ་བས་ན་འདོད་ཆགས
280a2 སྤྱོད་པ་དང་། ཀ་ཏི་མུཀ་སྤྱོད་པ་སྤངས་པའི་ཡོན་ཏན་བསྟེན་པར་དཀའོ་ཞེ་སྡང་སྤྱོད་པ་ནི་བསྒྲུབ་དཀའ་ན། ཁྲིས་པའི་ནད་ལ་དྲོད་བཀ་བྱིན་པ་བཞིན་དུ་ཕྱིར་ཞེ་སྡང་སྐྱེ་བར་འགྱུར་ཏེ། དེ་ལྟ་བས་ན་ཞེ་སྡང་སྤྱོད་པ་ན་སྦྱངས་པའི
280a3 ཡོན་ཏན་བསྟེན་པར་དཀའ་བ་མ་ཡིན་ནོ།། གཞན་དག་ན་རེ་ཞེ་སྡང་བ་ནི་དཀོན་པ་པ་ཉིད་དང་། ཤིང་དྲུང་པ་ཉིད་དགའོ།། དེ་ཅིའི་ཕྱིར་ཞེ་ན། དགོན་པ་དང་། ཤིང་དྲུང་ན་གནས་ན་དེ་དག་ཏུ་མྱི་འདོད་པས། གཙེ་བའི་ཉེས
280a4 པ་མྱེད་པའི་ཕྱིར་རོ་ཞེས་ཟེར་རོ།། སྦྱངས་པའི་ཡན་ལག་ནི་དུས་ཀྱི་མཐར་ཟུག་པ་ནི་དུ་ཞིཀ་ཅེས་བྱ་བ་ནི། སྦྱངས་པའི་ཡན་ལག་གསུམ་བོ་ཤིང་རླུང་པ་ཉིད་དང་། བླ་ཀབ་མྱེད་པ་ཉིད་དང་། དུར་ཁྲོད་པ་ཉིད་ནི
280a5 ཟླ་བ་བརྒྱད་ཀྱི་མཐར་ཐུག་པར་བྱ་སྟེ། དབྱར་ནི་གཡོགས་པར་ཀན་ས་པར་བཅོམ་ལྡན་འདས་ཀྱིས་གནང་ངོ་། ཅི་སྦྱངས་པ་དེ་ཉིད་སྤྱད་ས་པ་སྨྲ་བ་ཡང་དེ་ཡིན་ནས་ཞེས་བྱ་བ་ནི། སྦྱངས་པ་ཡིན་ལ་སྦྱ།
280a6 བ་སྨྲ་བ་ཡིན་པ་ཡང་ཡོད། སྦྱངས་པའི་མ་ཡིན་ལ་སྦྱངས་པ་སྨྲ་བ་ཡང་ཡོད། སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་མ་ཡིན་པ་ཡང་ཡོད། སྦྱངས་པ་ཡང་མ་ཡིན། སྦྱངས་པ་སྨྲ་བ་ཡང་མ་ཡིན་པ་ཡ་།
280a7 ཡོད་དོ།། དེ་ལ་སྦྱངས་པ་ཡང་ཡིན། སྤངས་པ་སྨྲ་བ་ཡང་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི། དགྲ་བཅོམ་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་ལྡན་པའོ།། སྦྱངས་པ་མ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན།
280a8 པ་ཡཔ་ཡོད་ཅེས་བྱ་བ་ནི། དགྲ་བཅོམ་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་གྱི་ལྡན་པའོ།། སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་སློབ་པ་འམ། སོ་སོའི་སྐྱེ་བོ་སྦྱངས
280a9 པའི་ཡོན་ཏན་ཡང་དག་པར་བླངས་པ་དང་ལྡན་པའོ།། སྦྱངས་པ་ཡང་མ་ཡིན། སྦྱངས་པའི་ཡོན་ཏན་སྨྲ་བ་ཡང་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་སློབ་པ་འམ། སོ་སོའི་སྐྱེ་བོ་སྦྱངས་པའི་ཡོན་ཏན་ཡང




iiif viewer powered by OpenSeadragon

279b - 280b

Texts on this page

Ng22.42 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba