| e-texts navigator |
| Wylie |
27a1 མྱེད་བརྒྱ་སྟོང་དུ་མ་ནི། ཚེ་འདི་ཉིད་ལ་བུད་མྱེད་ཀི་དབང་པོར་གྱུརྡ་ནས་སྐྱེས་པའི་ལུས་གྲུབ་པར་གྱུར་ཏོ།། སྡིག་པ་སྤྱོད་པའི་སྐྱེ་དགུ་སྟོང་ཉིས་བརྒྱ་ནི་གདུག་པའི་སེམས་སྤངས་ནས། བདག་གི་ཚེ་རབས་དྲན།
27a2 པར་གྱུ་རང་ཏོ།། དགེ་བའི་སྤྱོད་པའི་སྐྱེ་བོ་ཚད་མྱེད་པ་སྙེད་ནི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། རྟག་པར་བདེ་བ་མྱོང་བར་གྱུར་ཏོ།། ཚེ་འཕོས་པར་འགྱུར་བ་ཚད་མྱེད་པ་རྙེད་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ལྔ་སྐྱེས་ནས།
27a3 བྱང་ཆུབ་སེམས་དཔའ་རྣམས་དང་མཉམ་ཞིང་མཚུངས་པའི་གྲོགས་སུ་གྱུར་ད་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ད་ནས། འཁོར་འདུས་པ་ཐམས་ཅད་རང་རང་གི་གནས་སུ་དོང་སྟེ། བསོད་ནམས
27a4 མངོན་པར་འདུ་བྱེད་ཅིང་། རབ་ཏུ་དཀའ་བས་དགའ་བཞིན་དུ་སྤྱོད་པར་འགྱུར་རོ།། འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་ད་པ་ཞེས་བྱ་བའི་མདོའོ།། རྫོགས་སྷོ
27a5 རྒྱ་གར་སྐད་དུ། ཨ་ཡུ། པ་རྱད་ཏ་སུ་ཏྲམ།། བོད་སྐད་དུ། ཚེ་མཐའི་མདོའ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
27a6 འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མྱེད་ཟས་སྦྱིན་གི་ཀུན་དགའ་ར་པ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས
27a7 ཀྱིཀྱི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་སེམས་ཅན་རྣམས་ཀྱི་ཚེའི་མཐའ་ཐོས་པར་འདོད་དམ།། བཅོམ་ལྡན་འདས་དེའི་དུས་ལ་བབ་ལགས་སོ།། བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་སོ།
27a8 བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཚེའི་མཐའ་བསྟུནད་པ་བཅོམ་ལྡན་འདས་ལས་ཐོས་ནས། དགེ་སློང་དག་འཛིནད་པར་བགྱིད་ལགས་སོ།། དགེ་སློང་དག་དེའི་ཕྱིར། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང
27a9 བཤད་།། དགེ་སློང་དག་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ་བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དུད་འགྲོ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ།། བར་མ་དོར་འཆིབ