| e-texts navigator |
| Wylie |
279b1 སྨྲ་བ་ཡང་དེ་ཡིན་ནམ་ཞེ་ན། དེ་ལ་སྦྱངས་པའི་ཡན་ལག་ཅེས་བྱ་བ་ནི། བཞི་བཅུ་གསུམ་པོ་དེ་དག་གང་སྤོང་བ་གང་ཡིན་པ་དེ་ནི། སྦྱངས་པའི་ཡན་ལག་ཡིན་ཏེ། སྦྱངས་པའི་ཡོན་ཏན་ཅིར་བརྗོད་པར་བྱ་ཞེ་ན། དགེ།
279b2 བར་བརྗོད་པར་བྱའོ།། སྦྱངས་པའི་ཆོས་ནི་དུ་ཞེ་ན། སྦྱངས་པའི་ཆོས་ནི་གཉིས་ཏེ། མ་ཆགས་པ་དང་། གཏི་མུག་མྱེད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཕྱག་དར་ཐོད་པ་གང་ཡིན་པ་དེ་ནི། འདོད
279b3 འདོད་པ་ཆུང་བ་ཉིད་ལ་བརྟེན། རྐོས་ཤེས་པ་ཉིད་ལ་བརྟེན། ཡོ་བྱད་བསྲུངས་པ་ཉིད་བརྟེན་རབ་ཏུ་དབེན་པ་ཉིད་ལ་བརྟེན། འདིས་ཆོག་པ་ཉིད་ལ་བརྟེན་ནས་ཕྱག་དང་ཁྲོད་པར་འགྱུར་རོ་ཞེས་གསུངས་པ་ལྟ་ནུརེ།
279b4 རྣམ་པ་གཅིག་ཏུ་ན་མ་ཆགས་པས་རྗེས་སུ་གནང་བ་འཚལ་བར་བསྟནད་པས་འདོད་པའི་བསོད་སྙོམས་ཀྱི་རྗེས་སུ་བརྩོན་པ་སླུ་བ་སེལ་ལ། སྦྱངས་པའི་ཡན་ལག་གཏི་མུག་མྱེད་པས་ནི་ཡོ་བྱད
279b5 བསྙུངས་པ་འཚལ་བར་བརྟན་པས། བདག་ཉིད་དུ་དུབ་པའི་རྗེས་སུ་བརྩོན་པའི་སླ་བ་སེལ་ཏེ།། དེ་ལྟ་བས་ན་སྤངས་པའི9། ཆོས་ནི་གཉིས་ཏེ། མ་ཆགས་པ་དང་ཀཏི་མུག་མྱེད་པ་ཡིན་ནོ།།
279b6 དེ་ལ་འདོད་པ་ཆུང་བ་ཉིད་དང་། ཆོག་ཤེས་པ་ཉིད་དང་། རབ་ཏུ་དབེན་པ་ཉིད་ནི་མ་ཆགས་པ་ཡིན་ནོ།། ཡོ་བྱད་བསྲུངས་པ་ཉིད་དེ། འདིས་ཆོག་པ་ཉིད་ནི་གཏི་མུག་བྱེད་པ་ཉིད་ཡིན་ནོ།། དེ་ལ་མ
279b7 ཆགས་པས་མི་སྤང་བའི་གཞི་བཅུ་གསུམ་ལ་ཆགས་པ་ཕེལ་ལ། གཎྜཱི་མུག་མྱེད་པས་ཊཱི་གཞི་དི་དག་ཉིད་ལ་ཉེས་དམྱིགས་ཀྱི་ཞེས་པ་སེལ་ཏོ།། ཡང་ནི་སྤྱོད་པའི་གང་ཟག་ནམས་སྦྱངས་པའི་ཡོན་ཏན་སྦྱིན་པ་མདས
279b8 ཞེན་འདོད་ཆགས་སྤྱོད་པ་དང་གཏི་མུག་སྤྱོད་པ་སྤངས་པའི་ཡོན་ཏན་བསྟེན་པའི་དཀའོ་ཞེ་སྡང་སྤྱོད་པ་ནི་མ་ཡིན་ནོ།། ཅིའི་ཕྱིར་འདོད་ཆགས་སྤྱོད་པ་དང་། གཏོ་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་སྟེན་ཀི། ཞེ་སྡང་སྤྱོད
279b9 པའི་མ་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་བསྟེནད་པ་ནི། བསྒྲུབ་དཀའ་ཡིན་པས་འདོད་ཆགས་སྤྱོད་པ་བསྒྲུབ་དཀའ་བ་ལ་རྟེན་ནས། འདོད་ཆགས་རྣམ་པར་བར་གནོན་པ་པར་འགྱུར་ལ། གཏི་མུག་སྤྱོད་པ་ཡང