| e-texts navigator |
| Wylie |
278a1 ཇི་བཞིན་པ་ནི་བསམ་ཆགས་ཀྱི་གནས་མལ་སྤོང་བ་ཡིན་ཏེ། བརྐམ་ཆགས་ཀྱི་གནས་ཀྱི་གནས་མལ་སྤོང་བ་ཞེས་བྱ་བ་ནི་སྔན་འདུག་པ་བསླ་ནས་གནས་མལ་ལེནད་པར་མྱི་བྱེད་དོ།། བརྐམ་ཆགས་ཀྱི་གནས་མལ་ལེན
278a2 པས་ནི་གཞི་ཇི་བཞིན་པ་ཉིད་འཇིག་གོ།། ཇི་ལྟར་ཅོག་པུ་པ་ཉིད་ཡང་དག་པར་ལེན་ཅེ་ན། ཉལ་ན་རྨུགས་པ་ཉིད་དང་། གཉིད་དང་། ལེ་ལོའི་དབང་དུ་འགྲོ་བའི་ཉེས་དམྱིགས་མཐོང་ནས། འདི་སྐད་ཅེས་དེང་སླན་ཅད་ཉལ་བ་སྤོང་སྟེ།
278a3 ཅོག་བུ་པ་ཉིད་ཡང་དག་པར་ལེནད་ཏོ།། ཞེས་ཡང་དག་པར་ལེནད་ཏོ།། དེ་ལ་ཅོག་པུ་པ་ཉིད་ཀྱི་ཡོན་ཏན་ནི་འདི་ཡིན་ཏེ། ལེ་ལོའི་གཞི་ཡོངས་སུ་སྤོང་བ་དང་། ལུས་ལ་ཆགས་པ་དང་། སེར་སྣ་ཡོངས་སུ་སྤོང་བ་དང་།
278a4 འཕྲེས་པའི་བདེ་བ་མ་ཆགས་པ། བཙལ་བ་ཉུང་བ་དང་། རྣལ་འབྱོར་ད་དང་མཐུན་པ་དང་། ལུས་ཀྱི་གནས་རྒྱུ་སྐྱེ་བ་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་སྩོགས་པ་ནི་ཙོག་བུ་པ།
278a5 ཉིད་ཀྱི་ཡོན་ཏན་དག་ཡིན་ནོ།། ཅོག་པུ་པ་ནི་ཀར་ཡིན། ཀང་གིས། ནི་ཅོག་པུ་པ་ཉིད་འདི་འཇིག་ཅེ་ན། ཅོག་པུ་པ་ནི་ཉལ་བ་སྤོང་བ་ཡིན་ནོ།། ཉལ་བ་ཕས་ལེན་པས་ནི་ཙོག་བུ་པ་ཉིད་འཇིག་གོ།། དེ་ལ
278a6 ཕྱག་དར་ཁྲོད་པ་ཉིད་ཀྱི་སྐབས་ཕྱེ་བ་ནི། ཕྱག་དར་ཁྲོད་པ་ན་མསྤྱོད་པ་ལ་གལ་ཏེ་ཁྱིམ་བདག་དག་ཆོས་གོས་གསོ་རས་སམ། རས་བལ་ཀི་ལས་སམ། སན་དང་རམ། ལ་བ་དག་བྱིན་པར་གྱུར
278a7 ན། སྐབས་ཕྱེ་བས་བླང་བར་བྱ་སྟེ། ཕྱག་དར་ཁྲོད་པ་ཉིད་ཉམས་པར་མྱི་འགྱུར་རོ།། ཆོས་གོས་གསུམ་པ་ཉིད་ཀྱི་སྐབས་བྱེ་བ་ནི་ཁ་སྣང་བའི་ལེ་བ་ཡོད་ན་གོས་ལྷག་བཞག་བཅུར་འཆང་བ་དང་། གནས་མལ་བཟུང་བ
278a8 འི་ཕྱིར་གདིང་བ་དང་། ཀེང་དུ་གདང་བ་དང་། ནད་ཀྱི་རྐྱེན་གཡན་པ་དག་པ་དང་། གདོང་གྱིས་ཀྱི་གོས་དང་། དབྱར་གི་འམཆེན་དང་། གཞན་གི་རླུང་བ་བཅོས་པ་སྐབས་ཕྱེ་བས་བླང་བར་བྱ་སྟེ། ཆོམ་གོས་གསུམ་པ་ཉིད་ཉམས
278a9 པར་མྱི་འགྱུར་རོ།། བསོད་སྙོམས་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་བསྐོས་པའི་ཟས་དང་། ཚུལ་ཤིང་གི་ཟས་དང་། ཟླ་བ་ཕྱེད་པའི་ཟས་དང་། གསོ་སྦྱང་བ་དང་། དགེ་འདུན་གི་ཟས་དང་། གཙུག་ལག་ཁང་གི་ཟས་སྐབས