e-texts navigator
Collection
Volume
Page
Wylie

272b1 མྱོང་བར་འགྱུར་རོ།། དེ་བརྒྱ་ལ་ཇི་སྟེ་དེ་ནས་ཤི་འཕོས་ན་ཡང་རྒྱ་མཚོ་ཆེན་པོར་ཤ་སྣ་གུའི་ལུས་དཔཀ་བཱཧྱ་པར་སྟེ། དེའི་སྔོན་ཀི་ལས་ཀྱི་རྒྱུས་དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་ཆུ་ཟངས་བཞུ་བའི་ཁུ་བ་འདྲ་བ་བྱུང་ནས། དེ་ཆུ་དེའི་ནང་དུ་ལོ་བརྒྱ་སྟོང
272b2 དུ་མའི་བར་དུ་སེམས་ཅན་དམྱལ་བའི་གནོད་པ་མྱོང་བར་འགྱུར་རོ།། དེ་ནས་ཤི་འཕོས་ནས་ཀྱང་མྱ་ངན་དཀོན་པར་བསྡུས་ཏེ་སྐྱེས་ནས། ཤ་སཱ་ཀུ་ཆེན་པོ་རི་ཙམ་དུ་འགྱུར་ཏེ། དེ་ཕྱོགས་གཞན་ནས་རླུང་ཤི་རང་ཏུ་ཚ་བས་སྲེག་ཅིང་དེར་ཕྱོགས
272b3 བཞི་ནས། གཅན་ཟན་དང་བྱ་ཀུན་ལྷགས་ཏེ་ཟའོ།། བརྒྱ་ལ་ཇི་སྟེ་ཡུན་རིང་མོ་ཞིག་ན་དེ་ནས་ཤི་འཕོས་ནས་ཀྱང་ཡང་སེམས་ཅན་དམྱལ་བ་ཆེན་པོར་སྐྱེའོ།། དེ་ནས་ཤི་འཕོས་ནས་ཀྱང་ཡང་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་ཆེན
272b4 པོ་མྱོང་བར་འགྱུར་རོ།། ཡོངས་སུ་བརྟག་པ་བཟུང་སྟེ། དེ་བརྒྱ་ལ་ཇི་སྟེ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་སངས་རྒྱས་མྱེད་པའི་སངས་རྒྱས་ཀྱི་ཞིང་སྟེགས་མ་ལྔ་ཅན་དུ་སྐྱེ་ཞིང་མྱིག་མྱེད་ལ་མྱིག་སྡུག་པར་འགྱུར་ཏེ། རྒྱལ
272b5 པོ་ཆེན་པོ་ཆོས་གནས་པར་དགེ་སློང་རྣམས་ཀྱི་ལོང་སྤྱོད་དང་། ཡོངས་སུ་སྤྱོད་པ་དང་། ནོར་དང་ཡོ་བྱད་འཕྲོགས་ན་དེ་ལྟ་བུར་སྡུག་བསྔལ་བར་འགྱུར་རོ་ཞེས་གསུངས་སོ་ནམ་མཁའི་སྙིང་པོའི་ལེའུ་ལས་ཀྱང་།
272b6 རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ལྟུང་བའི་རྩ་བ་ལྔ་སྟེ། ལྟུང་བའི་རྩ་བ་དེ་དག་གིས་རྒྱལ་རིགས་སྤྱི་བོ་ནས་དབང་སྐུརབ་དགེ་བའི་ཆ་བ་སྔོན་བསྐྱེད་པ་ཐམས་ཅད་ཆུང་ཀསན་ཏེ། ཕམ་ཞིང
272b7 གྷ་དང་མྱིའི་བདེ་བའི་གནས་ཐམས་ཅད་ནས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ།། ལྔ་གང་ཞེ་ན། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་མཆོད་རྟེན་གི་རྫས་འཕྲོཀ་ཀམ། དགེ་འདུན་ཀཾ་དང་ཕྱོགས་བཞིའི་དགེ
272b8 བདུན་ལ་ཕུལ་བ་འཕྲོག་ཏུ་འཇུག་པ་འོད་ནི་ལྟུང་བའི་རྩ་བ་དང་པོའོ།། ཀང་ཡང་ཆོས་སྤོང་ཞིང་འགོག་ཏུ་འཇུག་སྟེ། ཉན་ཐོས་ངེས་པར་འབྱུང་བ་བཤད་པ་འམ། རང་སངས་རྒྱས་ངེས་པར་འབྱུང་བ་བཤད་པ་འམ། ཐེག་པ་ཆེན
272b9 པ་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགག་ཏུ་འཇུག་པ་འདི་ནི་ལྟུང་བའི་ཆ་གཉིས་པའོ།། ཀང་ཡང་ངའི་ཕྱིར་རབ་ཏུ་བྱུང་སྟེ། སྐྲ་དང་ཁ་སྤུ་བྲེགས་ནས་ཀོས་ངུར་མྱིག་གྱོན་པ་བསླབ་པ་བཟུང་ཡང་རུང་།། བསླབ་པ་མ་བཟུང




iiif viewer powered by OpenSeadragon

272a - 273a

Texts on this page

Ng22.42 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba