e-texts navigator
Collection
Volume
Page
Wylie

272a1 ཏུ་ལྡན་པར་འགྱུར་རོ།། ཉི་ཤུ་ཀང་ཞེ་ན། ལྷ་འཕང་བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་དེའི་མྱི་སྙན་པ་གྲགས་པར་འགྱུར་བ་དང་། དེའི་མཛའ་བ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ཀྱིས་བོར་བར
272a2 འགྱུར་བ་དང་། དེ་ལ་དགྲ་མང་བར་འགྱུར་བ་དང་། ནོར་དང་། འབྲུ་དང་། ཡོ་བྱད་འགྲིབ་པར་འགྱུར་བ་དང་། གཡེར་བ་མང་བར་འགྱུར་བ་དང་། ཡན་ལག་མ་མ་འགྱུ་དག་དེ་ག་ནི་ཆེ་པ་འབྱུ་ད། དེ་རྟག་ཏུ་སྒོམ་པས་ཉེན་པར་འགྱུར་བ་དང་། དེ་ལ་བཏུང་བ་ཡང
272a3 དུག་ཏུ་འགྱུར་བ་དང་། མཛའ་བ་ཡིད་དུ་འཐད་པ་དང་། ཡང་མྱུར་ད་ཏུ་འབྲལ་བར་འགྱུར་བ་དང་། རྟག་ཏུ་གཞན་དང་འབབ་པར་འགྱུར་བ་དང་། ཕ་མ་དང་། ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། བྲན་མོ་དང་། བྲན་པོ་དང་། བྲན་དག་བསྒོ།
272a4 པའི་རྗེས་སུ་མཐུན་པར་མྱི་བྱེད་པར་འགྱུར་བ་དང་། དེའི་ཚིག་གསང་བ་དང་། ནོར་གསང་བ་དང་། བཙུན་མོ་འཁོར་གསང་བ་དང་། དེའི་གསང་པའི་དངོས་པོ་ཐམས་ཅད་སྣང་ཞིང་མངོན་པར་འགྱུར་བ་དང་། བཀོའ
272a5 བསྐལང་ལ་སྤྱོད་པ་མྱི་སྟུག་པ་དག་གི་ལོངས་སྤྱོད་རྣམས་ཆུད་གཟོན་པར་འགྱུར་བ་དང་། མྱུ་རང་ཏུ་ནད་དྲག་པོས་བཏབ་པར་འགྱུར་བ་དང་། སྨན་དང་ནད་གཡོག་མྱེད་ཅིང་ཤ་དང་ཁྲག་སྐམས་ལ་སྡུག་བསྔལ་མྱོང་བར
272a6 འགྱུར་བ་དང་། བདག་གི་ཀཅིན་རྐྱག་གྱིས་རེག་སྟེ། འཆི་བའི་དུས་བྱེད་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་མྱི་འདོད་པའི་ཆོས་ཉི་ཤུ་པོ་འདི་དག་དང་། མྱུར་དུ་ཕྲད་པར་འགྱུར་རོ།། གང་ཆོས་ཀྱིས་གནས་པའི་དགེ་སློང་རྣམས
272a7 ལ་སྦྱིན་པའི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དང་། ནོར་དང་། ཡོ་བྱད་ཕྲོགས་སམ། བདག་སྤྱོད་དམ། གཞན་སྤྱོད་དུ་བཅུག་ན། དེ་འཆི་བའི་དུས་བྱས་ནས་མནར་མྱེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་སྟེ། དེ་ཚེ་བསྐལ
272a8 བའི་བར་དུ་བླངས་བཅུ་བའི་ཁུ་བ་འཐུང་ཞི་ལྕགས་ཀྱི་སུ་ལུམ་ཐ་ལ་མོའི་ཞེས་གྱོན་ཞིང་གི་ན་ཏུ་མྱོ་པ་འད་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་རོ།། བསྐལ་པར་འདུག་པའི་ཆེ་བད་ནས་མྱ་ངན་དགོས་པ་སུ་མྱེད་པ་མམ
272a9 གོལ་བའི་ཡི་དགས་དང་བསྐལ་པ་མཉམ་པར་སྐྱེས་ན་རྐང་བ་དང་ལག་དང་། མྱིག་བྱེད་པར་སྐྱེའོ།། དེ་ནི་ཕྱོགས་བཞིའི་རླུང་ཚབས་བསྲེག་ཅིང་སྲུ་གྲི་འདྲ་བའི་སོ་ལ་འབྲེ་སྟེ། ལོ་བརྒྱ་སྟོང་དུ་མའི་བར་བྱ་དེན་འདྲ་བར་སྡུག་བསྔ




iiif viewer powered by OpenSeadragon

271b - 272b

Texts on this page

Ng22.42 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba