e-texts navigator
Collection
Volume
Page
Wylie

271b1 ཀི་འདུ་ཤེས་ཀྱིས་གནས་པ་ནི་འདོད་པ་ལ་ལོག་པར་གཡེམ་པ་ལ་ཡོངས་སུ་མྱི་སྤྱོད་ཅིང་ལོངས་སྤྱོད་རྣམས་ལ་མ་ཆགས་པར་ཡོངས་སུ་སྤྱོད་པའོ།། བདག་ལ་བདག་མྱེད་པའི་འདུ་ཤེས་ཀྱིས་གནས་པ་ནི། ཆོས་དོན་ཏུ་གཉེར་ཅིང་།
271b2 དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དྲུང་དུ་སོང་སྟེ། རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་ལ་འཇུག་པ་སྟེ། རྒྱལ་པོ་ཆེན་པོ་འདུ་ཤེས་ལ་གནས་པ་བརྒྱད་པོ་དེ་དག་གིས་གནས་པའི་ཆོས་དང་ལྡན་པའི་རྒྱལ་པོ་ནི་སྐྱེས་ཕུལ་བ་ཙམ་གིས
271b3 ཀྱང་ལོང་སྤྱོད་རྣམས་ཤི་ནང་དུ་མ་བ་དུ་འཕེལ་བར་འགྱུར་ཀི། ཆོས་དང་མྱི་ལྡན་པས་ནི་གཡོལ་བའི་སྦྱོར་བ་དང་། འདུན་པ་རྣམ་པ་ཐམས་ཅད་ཀྱིས་བསྒྲུབས་ཀྱང་དེ་ལྟར་འཕེལ་བར་མྱི་འགྱུར་རོ་ཞེས་གསུངས་སོ།། ཡིད་གཉིས
271b4 ལེགས་པར་འཇོམ་པའི་མདོ་ལས་ཀྱང་ཆོས་བཞི་དང་ལྡན་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་པ། ལོགས་པར་མྱི་ལྟུང་བའི་ཆོས་ཅན་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
271b5 སངས་རྒྱས་མྱུར་དུ་མཉེས་པར་བྱེད་ཅིང་། ལོངས་སྤྱོད་ཆེན་པ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིནད་ཏོ།། བཞི་ཀང་ཞེ་ན་འདི།། ལྟ་སྟེ། དེ་བཞིན་གཤེས་པའི་བསྟནད་པ་བསྲུང་བའི་ཕྱིར་གནས་པ
271b6 ཡིན།། སྡིག་པའི་མྱི་དགེ་བའི་ཆོས་ལ་སྨོད་པ་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོནད་པ་མྱེད་པའི་ཆོས་ཡོངས་སུ་འཛིན་དང་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ཏུ་སེམས
271b7 བསྐྱེད་པའོ།། ཞེས་གསུངས་སོ།། མྱི་དགེ་བ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། ཉི་མའི་སྙིང་པོའི་ལེའུ་ལས་འབྱུང་བ་མ་འོངས་པའི་དུས་ན། རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། རྡེའུ་རིགས་དང་། དམངས་རིག
271b8 དག་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ལ་བྱིན་པའི་ཁྱིམ་གི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའི་ར་བའི་གཞི་དང་། བསྐྱེད་མོས་འཚལ་དང་། བྲན་མོ་དང་། བྲན་པོ་དང་། ལས་བྱེད་པ་དང་། མལ་ཆ་དང་། སྟནད་དང་།
271b9 ན་བའི་གསོས་སྨན་དང་། ཡོ་བྱད་ནས། རྒྱང་འགྲོས་ཀྱི་བར་དུ་ཕྱི་ནད་པ་ལ། རྐུ་བ་དང་རིལ་ཀྱིས་འཕྲོག་པ་དག་འབྱུང་བར་འགྱུར་ཏེ། རྒྱལ་རིགས་ནས་དམངས་རིགས་བར་དུ་དེ་དག་ཚེ་འདི་ལ་མྱི་འདོད་པའི་ཆོས་ཉི་ཤུ་དང་མྱུར




iiif viewer powered by OpenSeadragon

271a - 272a

Texts on this page

Ng22.42 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba