| e-texts navigator |
| Wylie |
270b1 གི་མྱེད་པ་སྟེ་སྟོང་པའོ།། ལུས་འདི་ནི་ཝ་དང་། ཤིང་དང་། རྩིག་པ་དང་། བོང་བ་དང་། མྱིག་གཡོམ་ལ་ཁུ་སྟེ་ཁེབས་པའོ།། ལུས་འདི་ནི་རླུང་གི་འཁྲུལ་འཁོར་དང་ལྡན་པས་འབྱུང་བ་སྟེ་ཚོར་བ་བྱེད་པའོ།། ལུས་འཛིན
270b2 ག་ན་ག་དག་གག་། ལྡན་ལུས་འདི་ནི་འཆི་བའི་མཔར་ཐུག་པ་སྟེ། མཔར་མྱི་གནས་པའོ།། སུས་འདི་ནི་ཕུང་པོ་དང
270b3 ཁམས་དང་། སྐྱེ་མཆེད་ཀྱིས་ཡོངས་སུ་ཟི་ནད་པ་སྟེ་གཤེད་མ་དང་དུག་དྲག་པོ་དང་གྲོང་སྟོང་པ་ལྟ་བུའོ།། ཁྱེད་ཀྱིས་དེ་ལྟ་བུའི་ལུས་དེ་ལ་མུན་པ་དང་སྐྱོ་བ་བསྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་བསྐྱེད་པར
270b4 བྱའོ།། གྲོགས་པོ་རྣམས་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། བསོད་ནམས་ལས་སྐྱེས་པའོ།། དེ་བཞིན་གཤེགས་པའི་སྐུ་ནི་སྦྱིན་པ་ལས་སྐྱེས་པ་ཚུལ་ཁྲིམས་ལས་སྐྱེས་པ། ཏིང་ངེ་འཛིན
270b5 ལས་སྐྱེས་པ། ཤེས་རབ་ལས་སྐྱེས་པ། རྣམ་པར་གྲོལ་བ་ས། ས་སྐྱེས་པ། རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་ལས་སྐྱེས་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། གཏང་སྙོམས
270b6 ས་སྐྱེས་པ། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ལས་སྐྱེས་པ། དགེ་བ་བཅུའི་ལས་ཀྱི་ལམ་ལས་སྐྱེས་པ། བཟོད་པ་དང་ངེས་པ་ལས་སྐྱེས་པ། བརྩོན་འགྲུས་བརྟན་པས།
270b7 དགེ་བའི་རྩ་བ་ལས་སྐྱེས་པ། བསམ་གཏན་དང་། རྣམ་པར་ཐ་རད་པ་དང་། ཏིང་ངེ་འཛིནད་དང་། སྙོམས་པར་འཇུག་པ་ལས་སྐྱེས་པ། ཟོས་པ་དང་། ཤེས་རབ་དང་། ཟབས་ལས་སྐྱེས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི
270b8 ཆོས་སུམ་པ་བདུན་ལས་སྐྱེས་པ། ཞི་གནས་དང་། ལྷག་མཐོང་ལས་སྐྱེས་པ། སྟོབས་བརྒྱ་ལས་སྐྱེས་པ། མྱི་འཇིགས་པ་བཞི་ལས་སྐྱེས་པ། སངས་རྒྱས་ཀྱི་ཆོས་འདྲེས་པ་བཅོ་བརྒྱད་ལས་སྐྱེས་པ། ཕ་རོལ
270b9 ཏུ་ཕྱིནད་པ་ཐམས་ཅད་ལས་སྐྱེས་པ། མངོན་པར་ཤེས་པ་དང་། རིག་པ་ལས་སྐྱེས་པ། མྱི་དགེ་བའི་ཆོས་ཐམས་ཅད་སྤོང་བ་ལས་སྐྱེས་པ། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་སྐྱེས་པ། བདེན་པ་ལས