| e-texts navigator |
| Wylie |
270a1 གཞོན་ནུ་དང་། འཁོར་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། གྲོང་བ་དང་། ཡུལ་ཀི་མྱི་དང་། དེ་མ་ཡིན་པ་སྲོག་ཆགས་སྟོང་ཕྲག་མང་པོ་ནད་འདྲིར་འོངས་ཏེ། དེར་ལྷགས་པ་དེ་དག་ལ་ལིད་ཙ་བྱི
270a2 དྲི་མ་མྱེད་པར་གྲགས་པས། འབྱུང་བ་ཆེན་པ་བཞིའི་ལུས་འདི་ཉིད་ལས་བརྩམས་ནས་ཆོས་བསྟོནད་ཏེ། གྲོགས་པོ་རྣམས་ལུས་འདི་ནི་འདི་ལྟར་མྱི་རྟག་པ། འདི་ལྟར་མྱི་བརྟན་པ། འདི་ལྟར་ཡིད་བསྟན་དུ་མྱི་རུང་བ། འདི་ལྟར་ཉམ་ཆུང།།
270a3 བ། འདི་ལྟར་སྙིང་པོ་མྱེད་པ། འདི་ལྟར་ཞིགས་པ། འདི་ལྟར་ཡུན་ཟུང་བ།། འདི་ལྟར་སྡུག་བསྔལ་བ། འདི་ལྟར་ནད་མང་བ། འདི་ལྟར་འགྱུར་བའི་ཆོས་ཅན་ནོ།། གྲོགས་པོ་དག་འདི་ལྟར་ལུས་འདི་ནད་དམང་པོའི་སྣོད་དེ།
270a4 མཁས་པས་དེ་ལ་གནས་པར་མྱི་བྱའོ།། གྲོགས་པོ་དག་ལུས་འོད་ནི་བཅང་མྱི་བཟོད་པ་སྟེ། ཝུ་བ་རྡོས་པ་ལྟ་བུའོ།། ལུས་འདི་ནི་རི་དུ་མྱི་གནས་པ་སྟེ་ཆུའི་ཆུ་བུར་ལྟའུའོ།། ལུས་འདི་ནི་ཉོན་མོངས
270a5 པའི་སྲེད་པས་བྱུང་བ་སྟེ། སྤྱིག་རྒྱུ་ལྟ་བུའོ།། ལུས་འདི་ནི་སྙིང་པོ། མྱེད་པ་སྟེ། ཆུ་ཤིང་ཀི་ཕུང་པོ་ལྟ་བུའོ།། ཀྱེ་མ་ལུས་འདི་ནི་ནུས། པ་ལ་རྒྱུས་པས་སྤེལ་བ་སྟེ་འཁྲུལ་འཁོར་ལྟ་བུའོ།། ལུས་འདི
270a6 ནི་ཕྱིན་ཅི་ལོག་ལས་བྱུང་བ་སྟེ། སྒྱུ་མ་ལྟ་བུའོ།། ལུས་འདི་ནི་ཡང་དག་པ་མ་ཡིན་པ་མཐོང་སྟེ། རྨྱི་ལམ་ལྟ་བུའོ།། ལུས་འདི་ནི་སྔོན་ཀི་ལས་ཀྱིས་གཟུགས་བརྙན་སྣང་བ་སྟེ། གཟུགས་བརྙན་ལྟ
270a7 བུའོ།། ལུས་འདི་ནི་རྐྱེན་ལ་རཀ་ཡས་པའི་ཕྱིར་བྲག་ཆ་ལྟ་བུའོ།། ལུས་འདི་ནི་སེམས་འབྲུ་ཅང་འགྱེས་པའི་མཚན་མ་སྟེ་སྤྲིན་ལྟ་བུའོ།། ལུས་འདི་ནི་སྐད་ཅིག་ཏུ་འཇིག་པ་དང་ལྡན་ཞིང་མྱི་གནས་པ་སྟེ་ཀློག
270a8 དང་མཚུངས་སོ།། སུས་འདོན་རྐྱེན་སྣ་ཚོགས་ལས་བྱུང་བྱ་སྟེ། བདག་པོ་བྱེད་པའོ།། ལུས་འདི་ནི་ས་དང་འདྲ་སྟེ་བྱེད་པ་མྱེད་པའོ།། ལུས་འདི་ནི་མུ་དང་འདྲ་སྟེ་བདག་མྱེད་པའོ།། ས་འདི་ནི་མེ་དང་འདྲ་སྟེ་ཟོན
270a9 བྱེད་པའོ།། ཡུམ་འདི་ནི་རླུང་དང་འདྲ་སྟེ་གང་ཟག་བྱེད་པའོ།། སུམ་འདི་ནི་རྣམ་མཁའ་དང་འདྲ་དས་གསུམ་འདི་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཏེ་ཡང་དག་པ་མ་ཡིན་པའོ།། ལུས་འདི་ནི་བདག་དང་བརྡ།