e-texts navigator
Collection
Volume
Page
Wylie

269a1 སུལ་མངས་དང་། མཆེར་བ་དང་། ཕྱི་ས་དང་། མཚོ་མ་དང་། རྡུལ་དང་། ངར་སྣབས་དང་། མཆིལ་མ་དང་། ཞག་དང་། མུ་སེར་དང་། ཀང་དང་། ཚིལ་དང་། ན་ཀ་དང་།
269a2 བད་ཀན་དང་། མཁྲིས་པ་དང་། ཁྲག་དང་། གླད་པ་དང་། ཀླད་རྒྱས་དང་། གཙོན་དང་། མྱིག་རྔུ་དང་། ན་སྤབས་དང་། སོའི་རྫི་མ་དང་། ལྕེའི་དྲི་མ་དག་ཡོད་དེ། མྱི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང
269a3 དཀ་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་ཀོ།། དགེ་སློང་དག་འདི་ལྟ་སྟེ། དཔེར་ན། འབྲས་ས་ལུ་དང་། འབྲུ་དང་། ནས་དང་། ཀྲོ་དང་། མོན་སྲན་ཀྲེའུ་དང་། མོ་སྲན་སྡེའུ་དང་། རྒྱ་སྲན་དང་། འབྲས་ནཻ་སྥ་[]
269a4 སུ།། ཡུངས་ཀར་དང་། འབྲུ་རྣམ་པ་སྣ་ཚོགས་ཀྱིས་གང་པོའི་སྦྱང་ཞིང་ཁ་གཉི་ག་ཕྱེ་བ་དེ་ལ་མྱིག་དང་ལྡན་པའི་མྱི་ཞིག་གིས་བླུག་ནས་སོ་སོར་རྟོག་སྟེ། སོ་སོར་བརྟགས་ན་འདི་དག་ནི་འབྲས་ས
269a5 ལུའོ།། འདི་དག་ནི་འབྲུའོ།། འདི་དག་ནི་ནས་སོ།། འདི་ད་ཀ་ནི་གྲོའོ།། འདི་དག་ནི་མོན་སྲན་གྲེའུའོ།། འདི་དཀ་ནི་མོན། སྲན་སྡེའུའོ།། འདི་དག་ནི་ཧྱ་སྲན་ནོ།། འདི་དག་འབྲས་ནིནཾ
269a6 སྤ་བའོ།། འདི་དག་ནི་སྲན་ཆུང་པོ། འདི་དག་ནི་མོན་སྲན་མེགུའོ།། འདི་དག་ནི་ཏིལ་ལོ།། འདི་དག་ནི་འབྲས་དྲུས་པའོ།། འདི་དག་ན་ཡུངས་ཀར་རོ་ཞེས་བྱ་བར་ཤེས་སོ།། དགེ་སློང་དག་དེ་བཞིན་དུ
269a7 དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་འཟིལ་ཡན་ཅད་སྐྲ་དང་ཀླད་པ་ལ་ཟུགི་བར་དུ་མྱི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང
269a8 དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་ཅེས་གསུང་སོ།། དཔས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང་འདི་ལ་བྱང་ཆུབ་སེམས་དཔའ་ལུས་འདི་ཐོག་མའི་དང་ཟ་མོའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ།། ཕ་མའི་ཁུ་ཆུ
269a9 དང་ཁྲག་འདུས་པ་ལས་འབྱུང་སྟེ། ལུས་འདི་ལ་ཞུ་ཆུ་དང་། ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ།། ཐ་མའི་རྒྱུ་ནི་ཟས་འཇུ་བ་ལས་སྩོགས་པ་སྟེ། ལམ་གིས་བཟའ་བ་ཟས་ཟོས་མ་ཐག་ཏུ་བད་ཀན་ཀི་ནས




iiif viewer powered by OpenSeadragon

268b - 269b

Texts on this page

Ng22.42 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba