| e-texts navigator |
| Wylie |
267b1 ཅིང་།། བསམ་གཏན་ཞེན་པའི་བློས་ན་ཁ་བ་བབ་པས་ཆོས་ལྕི་ཞིང་ཟག་གྱུར་ད་ཀྱང་།། གངས་རི་དག་གི་ལྡོར་ན་ཤིང་གི་དྲུང་དུ་བཞུགས་པར་དགེས་པ་དང་།། ནང་ན་ཆུ་སྲིན་འཁྲུགས་ཏེ་གཡོས་པས་ཉ་རྣམས་ཀུན་འབྱེར་ཞིང
267b2 སྐོམ་པས་གཤོར་དུ་འཁྱིལ་པར་སྦྲུལ་དབུགས་ཕྱུང་བས་དཔའ་རླབས་རྒྱུན་ཆད་པའི།། རྒྱ་མཚོ་ལ་ཡང་མཚན་མོ་བརྟན་པ་གང་དག་འཆག་མཛད་པ།། སྡོད་གྱུར་བདག་ཉིད་ཐུགས་ལྡན་གཙང་མའི་ལྷུར་གཟེར་ཕྱག
267b3 བསྡམས་ཤིང་།། བསོད་ནམས་ལྡན་པའི་སྐུ་ལུས་ར་བབ་ཆོས་གོས་རབ་གསོལ་བ།། དེ་དག་སང་གི་གདུགས་ཡིན་པ་གི་གུང་དུ་ཕྱི་ནད་པ་ན།། འགན་དེ་བརྡུངས་པའི་སྒྲ་སྙན་སྐད་གསང་དྲག་པའི་ཚེ། ཟླ་བསྟན་ཆོས
267b4 ཚོགས་ཀྱི་དེ་ཁོ་ན་གོམས་པའི་ཆུ་བླུགས་པས་ཀྱི་ཞེས་པའི་སེམས་ཀྱི་དྲིམ་བཀྲུས་པའི་མཁས་པའི་ཚོགས་འདུས་པ། ཉི་མ་ཤིན་ཏུ་མང་པོ་ནས་འདྲིས་པའི་ཟློས་པ་དང་བཅས་པ། བདེ་བར་གཤེགས་པའི་གསུང
267b5 རབ་རིན་པོ་ཆེའི་སྒྲོམ་དུ་གྱུར་ད་པ། དགེ་བའི་ཚོ་གས་བདུད་རྩིའི་བཏུང་བའི་གཞི་པོ། ཡེ་ཤེས་ཀྱི་གསེར་མ་རྟོགས་པ་བདར་བའི། སྔོན་པོར་གྱུར་པ། ལེགས་པར་གྱུད་པ་སྟོང་གི་ཚོགས་བསག
267b6 བསགས་པས་གྲགས་པ་རྒྱ་ཆེ་བ་དང་ལྡན་པ། སྦྱིན་བདག་ཆེན་པོ་ཅན། སྟོན་གྱི་ནམ་ཟང་བ་ལྟ་བུའི་ཡིད་དང་ལྡན་པ། མྱིང་འདི་ཞེས་བྱ་བའི་ཀུན་དུ། མ་ཧེའི་མ་ལྟར་སྔོ་ཞིང་དྲི་མྱེད་མཁའ་ལས་འདུ
267b7 གཟི་བརྗིད་ཀྱིས་ནི་ཉི་མའི་འོད་གཟེར་འཐོར་ཞིང་། མངོན་ཏུ་ཕྱོགས་ནས་འོང་བའི་སྤྲིན་ནི་དྲལ་ནས་སུ།། སྐྱེ་བོ་ཕན་ཕྱིར་ཐུབ་རྣམས་སར་འདིར་གཤེགས་སུ་གསོལ།། རྒྱུན་མྱི་ཆད་པར་ཏིང་ངེ་འཛིནད་དང་། ཀློག་པ་དང་།
267b8 འཆག་པ་དང་། སྐྱེ་བོ་བླ་མ་ལ་བསྟེན་པར་མངོན་ཏུ་དགའ་བའི་བློ་གྲོས་དང་ལྡན་པ། མྱ་ངན་ལས་འདས་པའི་ལམ་གི་རྗེས་སུ་མཐུན་པ། ཁ་ན་མ་ཐོ་བ་མྱེད་པའི་རིག་པ་གསུམ་རབ་ཏུ་བསྒྲུབ་པ། ཉོན་མོངས་པ་ལས་གྲོལ
267b9 བར་འདོད་པའི་དགེ་སློང་གང་དག་འདིར་གནས་པ། འདུལ་བའི་ཆོ་ག་ལ་གོམས་པ། ལུས་དང་ངག་དང་ཡིད་ཀྱི་འཇུག་པ། ཞི་བ་དང་ལྡན་པ་དེ་དག་ཀྱང་མ་ལུས་པར་ཅི་བདེར་དོ་མོད་ཀྱི་མཚན་མོ་ཟད་པར་མཛོད་ལ། འདྲ