e-texts navigator
Collection
Volume
Page
Wylie

260a1 དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་བྱེ་བ་སྟོང་དང་ནི།། བརྒྱ་དང་ཁྲག་ཁྲིག་དག་ཏུ་ཡང་།། སངས་རྒྱས་སྒྲ་ནི་མྱི་ཟོས་ན།། སངས་རྒྱས་མཐོང་བ་ཀ་ལ་ཞིག། ཨུ་དུམ་བ་རའི་མེ་ཏོག་ནི།། ཤིང་ལས་ཤི་ནད་ཏུ་རྙེད་ཀ་ལྟར།།
260a2 ཟ། དེ་བཞིན་སངས་རྒྱས་རྙེད་ཀ་སྟེ།། ཁྱེད་ཀྱིས་ར་ནི་རྙེད་འགྱུར་ན།། དཀའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་།། དལ་བ་ཤི་ནད་ཏུ་ཉེད་དཀའ་སྟེ།། དཀའ་བོ་སྟོནད་པ་མངོན་གྱུར་པ།། ངལ་མྱི་མཉེས་མ་བྱེད་ཅིག། དེ་ནས་རིགས་ཀྱི་བུ་དཀའ་བོ་ལ
260a3 སྤུ་བྲེགས་ཏེ།། ཀོས་ངུར་སྨྲིག་བགོས་ཏེ།། རྒྱལ་བའི་བསྟན་པ་ལ་ཡང་དག་པར་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མྱེད་པར་རབ་ཏུ་བྱུང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།། ཚེ་དང་ལྡན་པ་དགའ་བོ་དང་། རིགས
260a4 ཀྱི་བུ་དགའ་བོ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། དཀའ་བོ་རབ་ཏུ་བྱུང་བའི་མདོའ།། རྫོགས་སྟོ།།
260a5 རྒྱ་ཀར་སྐད་དུ། སྦ་བི་རོ་བ་ནི་མན། ཏྲ་ན།། བོད་སྐད་དུ། ཀ་ནས་བརྟན་སྤྱན་དྲང་བ།། ཐམས་ཅདམཁྱེནད་པ་ལ་ཕྱག་འཚལ་ལོ།། བཙུན་པ་རྣམས་དགོངས་སུ
260a6 གསོལ།། དཀོངས་ནས་ཀྱང་། ཤེལ་དང་། ནོར་བུ་དང་། དངུལ་དང་། ཀུ་མུ་ཏ་ད་དང་། ཁ་བའི་ཕུང་པོ་དང་། ཟླ་བའི་འོད་གཟེར་དང་། སྟོན་ཀི་ཆུ་དང་། ནམ་མཁའ་དང་པད་མའི་རྩ་ལག་ལྟར་དྲི་མ་མྱེད་པར་མཛོད་ལ།
260a7 རླུང་ཀི་སྟབས་ཀྱིས་ཤིང་ཀི་ལྕུག་ཕྲན་བསྐྱོད་པ་དང་། སྤྱིག་ཎྱ་དང་། སྒྱུ་མ་དང་། རྨྱི་ལམ་དང་། ཀློཀ་དང་། རྟའི་ཤིང་རྟའི་རྡུལ་དང་། བལ་གླང་གི་ཕྲུ་གུའི་ན་མཆོག་དང་། སྦྲུལོ་ཀ་ལྕེ་དང་། ཟིལ་པ་དང་། རྒྱ་མཚོ་བསྐྱོད་པའི
260a8 རླབས་ལྟར་གཡོ་བའི་ཡིད། སྐད་ཅིཀ་རེ་རཾ་ལ་ཡང་མྱི་སྡོད་པར་འགྲོ་བ། རྩེ་གཅིག་པའི་ཏིང་ངེ་འཛིན་ཀི་སྟོབས་ཀྱིས་ཡུད་ཙམ་ཞིག་རྒྱུ་བ་ནང་དུ་དཀག་ཏུ་གསོལ།། སྨྲས་པ། རི་ཀ་ཟར་འབབ་པའི་དཔའ་རླབས་གྱུརྡ་པས་ཀྱང་།།
260a9 གང་གི་དཔའ་རླབས་འགྱུར་ལ་བསྐྲུན་མྱེད་པར།། འཇིག་པ་ཐོགས་མྱེད་གཡོ་བའི་ཡིད་དེ་ནི།། ཡུད་ཙམ་ཆེ་གཅིག་མཛོད་ཅིག་བཙུན་པ་རྣམས།། ལྷའི་བུ་མོ་ཡི་ཆད་ཤུགས་བྱུང་སྐད་ཅིག་ཟི་མྱིང་བྱས་པའི་མྱིཀ།། རིང་ཞིང་གཟིར




iiif viewer powered by OpenSeadragon

259b - 260b

Texts on this page

Ng22.40 - dga' bo rab tu byung ba'i mdo
Ng22.41 - gnas gtan spyan drang ba