| e-texts navigator |
| Wylie |
257a1 རྒྱལ་མཚན་དང་། བ་དན་རྣམས་ཀྱི་མཆོད་པ་བྱས་ལ། དེ་ནས་སྐྱེས་བུ་དེ་རྫུ་འཕྲུལ་གྱི་མཐུ་འདི་ལྟ་བུ་དང་ལྡན་པར་གྱུར་པས། ཀ་རྒྱ་མཚོ་ཆེན་པོའི་གཞིའི་ཆུ་དག་འཇིག་རྟེན་གི་ཁམས་གཞན་དུ་བྱོ་སྟེ། མ་རུ
257a2 ཀའི་ཏིལ་མར་གྱིས་རྒྱ་མཚོ་ཆེན་པོ་བཞི་ལྟར་བཀང་བའི་ནང་དུ་སྙིང་པོ་རི་རབ་ཙམ་བཙུགས་ལ། སྐལ་བ་མང་པོའི་མཐའ་ཇི་སྲིད་པར་མར་མེའི་རྒྱུན་མྱི་འཆད་པར་ནུས་ན། ཤ་རིའི་བུ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ཀཞི་དེ་ལས
257a3 བསོད་ནམས་མང་དུ་སྩོགས་སྙམ་འམ། གསོལ་པ་བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་མང་ལགས་སོ།། ཉན་ཐོས་དང་རབ་སངས་རྒྱས་ཐམས་ཅད་ལས་འདས་པ་ལགས་ཏེ། བཅོམ་ལྡན་འདས
257a4 འདི་ནི་བདེ་བར་གཤེགས་པའི་ཡུལ་ལོ།། བདེ་བར་གཤེགས་པ་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ལོ།། བཀའ་སྩལ་པ་ཤ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས
257a5 བྱས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་སོང་བའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས། རྒྱའི་ཆར་ཡང་ཉེ་བར་མྱི་འགྲོ་སྟེ། སྟོང་དང་བརྒྱ་སྟོང་གི་ཆ་དང་།
257a6 གྲངས་དང་རྒྱུ་དང་། བགྲང་བར་ཡང་ཉེ་བར་མྱི་འགྲོའོ།། དེ་ནས་ཆོས་ཀྱི་ནམ་གྲངས་འདི་བཤད་པའི་ཚེ། སྟོང་གསུམ་ཀི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་གཡོས། རབ་ཏུ་གཡོས། ཀུན
257a7 ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེཀ། ཀུན་ཏུ་རབ་ཏུ་ལྡེག་གོ།། དེར་དེའི་ཚེ་ཀློག་གི་རྒྱུན་ཆེན་པོ་བྱུང་ངོ་།། ལྷ་རྣམས་ཀྱིས་ཀྱང་རྔ་སྒྲ་བསྒྲགས་སོ།། དེ་ནས་བཅོཾ
257a8 ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དཀའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མྱིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དག
257a9 བོ་ཁྱོད་ཀྱིས་འདི་ལྟར་ཆོས་ཀྱི་ནམ་གྲངས་འདི་ཞོ་མཐའ་ཡས་པ་སྒྲུབ་པ་ཅེས་བྱ་བར་ཟུང་ཤིག། དེའི་དོན་ནི་དེ་ལྟར་ལྟ་བར་བྱ་སྟེ། དེ་དེ་བཞིན་དུ་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ན།