e-texts navigator
Collection
Volume
Page
Wylie

255b1 གཞག་པར་གྱི་བྱ་བས། གང་ལ་སྐྱེས་བུ་ཆེན་པོའི་གཅན་སུམ་བརྒྱམ་གཉིས་ཀྱིས་བརྒྱན་པའི་བུ་བཙའ་བར་འགྱུར་ཞིང་། དེ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། ཞེས་ལུང་བསྟན་པ་དེ་རེ་ཤིག་འདོད་དོ།། གཅིག་ཤོས་ཀྱང་ཚོགས་ལན
255b2 བརྟག་པར་བྱའོ།། དེས་དེ་འཁོར་ལྔ་བརྒྱ་དང་དཀྲིའོ།། དེའི་ཚེ་ཤག་ཀྱ་རྣམས་ཀྱི་ཕྱིར་རྒོལ་བ་སྐྱ་བསེར་ཞེས་བྱ་བ་རི་ཁྲོད་པ་གཅིག་ཡོད་ནས། ཤག་ཀྱ་རྣམས་འདུས་ཏེ། རྒྱལ་པོ་སེང་གེ་འགྲམ་གི་དྲུང་དུ་སོང་ནས། ལྷ་སྐྱ་བསེར་རི་ཁྲོད་པ
255b3 བདག་ཅག་ལ་གནོད་པ་བགྱིས་ཀྱིས། གྲོགས་མཛད་དུ་གསོལ།། དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་གས་པས་དེ་རྣམས་དང་། ལྷན་ཅིག་ཀ་ཡུལ་སྤྲད་པར་མྱི་ནུས་སོ།། ལྷ་གཞོ་ནུ་ཟས་གཙང་བཏང་དུ་གསོལ། དམ་ཞིག་བཅའ
255b4 སྟེ། གལ་ཏེ་གཞོན་ནུ་འི་ལྟ་བུ་འདོད་པའི་དམ་པ་ཅིག་བསླངས་པའི་ངསབ་དེ་སྦྱིན་པ་ལྡ་ན་བཏང་པོ་དེ་རྣམས་ཀྱིས་སྤྲས་པ། ལྷ་བཀའ་བཞིན་ལ་ལ་གསལ་པར་འགྱིའོ།། རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ།
255b5 གཞོ་ནུ་ཟས་གཙང་ལ་སྔོ་ནས་དེས་རི་ཁྲོད་པ་དེ་རྣམས་བཅོམ་རབ་ཏུ་བཅོམ་སྟེ། རྨེག་མྱེ་ཌཱ་བཏང་ངོ་།། དེ་ནས་ཤཀ་ཀྱ་རྣམས་མཀུ་ནས་རྒྱལ་པོ་སེང་གེ་འགྲམ་གི་དྲུང་དུ་དོང་སྟེ། ལྷ་གཞོ་ནུས་རི་ཁྲོད་པ་རྣཾས།
255b6 བཅོམ་རབ་ཏུ་བཅོམ་སྟེ། མིགས་མྱེད་པར་བཏང་ལགས་པས་བདག་ཅག་བློ་བ་དཀའ་ན། གཞོ་ནུ་མཆོག་ཇི་བཞེད་གསུངས་ཤིཀ་དབུལ་ལོ།། ཤེས་ལྡན་དག་ཤག་ཀྱ་རྣམས་ཀྱི་ཁྲིམས་སུ་བཅས་པ། སུས་ཀྱང་མཉ
255b7 པ་ལས་ཆུང་མ་བཞག་པར་མྱི་བྱའོ་ཞེས་བཅས་སོ།། ལྷ་ཅི་ཁྲིམས་དྲལ་ལམ། དེས་སྨྲས་པ། ལྷག་པར་ཤིན་ཏུ་བསྡམ་ཀི། དྲལ་བར་མྱི་བྱ་ན། འོན་ཀྱང་གཞོན་ནུ་དམ་པ་གཅིག་སློང་བ་ནི་མཉམ་པ་ལས་ཆུན་མ་བླང་བ་ཡིན་ནོ།།
255b8 ལྷ་རུང་གིས་དེ་བཞིན་དུ་མཛོད་ཅིག། དེ་ནས་སེང་གེ་འགྲམ་གྱིས་ལེགས་པར་རབ་སད་ལ་ཕོ་ཉ་བཏང་ནས། ཁོ་བོས་ཆོ་གས་བརྟགས་ཟི་ནད་ཀྱིས་བུ་མོ་གཅིག་ཀྱང་བཀྲི་ཤིག། དེས་དེ་ཡང་འཁོར་ལྔ་བརྒྱ་དང་བཀྲི་སྟེ། གཞོན་ནུ་ཟས
255b9 གཙང་གིས་གཉི་ས་བླངས་སོ།། ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་སེང་གེའི་འགྲམ་ཤི་ནས། སེར་སྐྱའི་གཞིན་རྒྱལ་པོ་བས་གཙང་རྒྱལ་སྲིད་བྱེད་དུ་འཇུག་སྟེ། འབྱོར་ད་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་།




iiif viewer powered by OpenSeadragon

255a - 256a

Texts on this page

Ng22.38 - mngon par 'byung ba'i mdo