| e-texts navigator |
| Wylie |
143a1 ཧོཿ། འདོད་པ་སྐྱེས་པ་ཀྱེ་མ་བདག་ཀྱིས་རྒྱ་མཚོ་ཆེན་པོ་བཞི་ཆུ་བཏུང་ངོ་སྙམ་ནས།། དེས་རྒྱལ་པོ་བས་གཙང་ལ་སྨྲས་པ་དང་། རྒྱལ་པོ་ཟས་གཙང་ཀྱིས་མཚན་མཁན་རྣམས་ལ་སྨྲས་པ། ཅིའི་ཕྱིར་བརྒྱར
143a2 མོ་འདི་འདི་ལྟ་བུའི་འདོད་པ་སྐྱེ། མཚན་མཁན་རྣམས་ཀྱིས་ལྷ་བཙུན་མོ་ལ་སྲས་སྐྱེས་བུ་ཆེན་པའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་སྐུ་རྒྱན་པ་ཞིག་བལྟམ་པར་འགྱུར་ཏེ། དེ་རབ་ཏུ་བྱུང་ནས་ཤེས་བྱ་འི་རྒྱ་མཚོ་མཐའ་དག་འཐུང
143a3 བར་འགྱུར་རོ།། ཞེས་ལུང་བསྟན་ཏོ།། རྒྱལ་པོ་ཟས་གཙང་གྱིས་སྨྲས་པ། གལ་ཏེ་འདི་ལ་མཚོ་ཆེན་པོའི་ཆུ་མ་ལུད་ན། ཅིར་འགྱུར། དེ་རྣམས་ཀྱིས་སྨྲས་པ། སྲས་ཡན་ལག་མ་ཚང་བ་ཞིག་བཙས་པར་འགྱུར་རོ།།
143a4 རྒྱལ་པོས་སྨྲས་པ། ངའི་མྱིང་ཟས་གཙང་ཞེས་བྱ་བའི་བུ་ཡན་ལག་མ་ཚང་བར་བྱ་འམ། དེའི་ཚེ་གྲོང་ཁྱེར་སེར་སྐྱའི་གཞི་ན་ཀུན་ཏུ་མྱིག་དམར་ཞེས་བྱ་བ། མྱིག་འཕྲུལ་ལ་བྱང་བ་ཞིག་འདུག་པ་དེ། རྒྱལ
143a5 བོས་བཀུག་ནས་རྒྱ་མཚོ་ཆེན་པོ་ལས་ཆུ་མྱ་རད་པར་ཁུག་ཤིག་ཅེས་བསྒོ་བ་དང་། དེས་དེ་ཉིད་ན་འདུག་བཞིན་དུ་རྒྱ་མཚོ་ཆེན་པོའི་ཆུ་འཀྲམ་ན། དེ་རྣམས་ལ་བཙུན་མོ་འཐུང་དུ་བཅུག་པ་དང་།
143a6 དེའི་འདོད་པ་སྐྱེས་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ།། དེ་ནས་དུས་བཞིན་ཞིག་ན།། བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ཚུལ་འདི་ལྟ་བུའི་འདོད་པ་སྐྱེས་ཏེ། ཀྱེ་མ་བདག་ལུམ་བི་ནིའི་ཚལ་དུ་ཞུགས་ལ
143a7 ཤིང་གི་མར་ཡལ་ཀའི་མཐར་འདུག་པར་བྱའོ་སྙམ་མོ།། དེ་ནས་རྒྱལ་པོ་བས་གཙང་མས་བཙུན་མོ་སྒྱུ་འཕྲུལ་ཙམོ་ཆེན་པོ་དེ་ལྟ་བུའི་འདོད་པ་སྐྱེས་པར་རིག་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་གྲོགས་བཤམས་ཏེ།
143a8 གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་དུ་ཆུང་གི་ཚོགས་དང་། དཔུང་གི་ཚོགས་ཡན་ལཀ་བཞི་པ་གོ་བསྐོན་ནས། སྐྱེ་བོའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ། བཙུན་མོ་སྤུ་འཕྲུལ
143a9 ཆེན་མོ་དང་ལྡན་གཅིག་ཏུ་ཆས་ནས་ལུམ་བྱི་ནིའི་ཚལ་དུ་ཕྱིནད་ཏོ།། དེ་ནས་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ལུས་བི་ནིའི་ཚལ་མཐོང་བ་ན།། སེམས་རྩེ་གཅིག་པར་གྱུརྡ་པ་དང་། ཕྱོགས་ལས་བབས་ཏེ། ཤིང་མྱ་ངན་ཚང