| e-texts navigator |
| Wylie |
142b1 བ་ལྷུམས་ཀྱི་ནང་ན། བཞུགས་པ་མཐོང་ངོ་།། ཇི་ལྟར་དྲི་མྱེད་ནོར་བུ་བྱེ་དུ་རྱ།། འོད་གསལ་ལག་པར་གཞག་པ་སྡང་བ་ལྟར། དེ་བཞིན་ཐུབ་ཆེན་ཡུམ་གྱི་ལྷུམས་ཞུགས་པ། ཤེས་ཤིང་སེམས་དཔས་ཨུ།
142b2 ནི་ཡང་དག་ལྷ།། ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔས། ཤག་ཀྱ་ཐུབ་པ་དགའ་ལྡན་ནས་འཕོས་ནས་ཡུམ་གྱི་ལྷུམས་སུ་བཞུགས་པ་དེའི་ཚེ། དེའི་ཡུམ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འཛིནད་པས
142b3 ལུས་ངལ་བའམ། ལུས་དུབ་པར་འགྱུར་བ་མྱེད་དོ།། ལས་ཀྱི་ནམ་སྦྱིན་ཟད་པས་མཐོ་རིས་འཕོས།། གང་ཚེ་འདི་ནི་ལྷུམས་ཞུགས་བཞུགས་པ་ན། དེའི་ཡུམ་ངལ་བས་འཛིནད་པར་མྱི་བྱེད་པར། དེ་ཚེ་གྱུར་པ་འདིར
142b4 དེ་ཆོས་ཉིད་དོ།། ཆོས་ཉིད་གིས་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཤག་ཀྱ་ཐུབ་པ་དགའ་ལྡན་གི་གྱི་གནས་ནས་འཕོས་ནས་ཡུམ་གྱི་ལྷུམས་བཞུགས་པ་དེའི་ཚེ། ཡུམ་དེ་ཕན་ཆད་ཇི་སྲིད་འ
142b5 བའི་བར་དུ་བརྟུལ་བཞུགས་ལྔའི་གཞི་བླངས་པར་གྱུར་ད་ཏེ།། ཛི་སྲིད་འཚོ་བའི་བར་ཏུ་སྲོག་གཅོད་པ་སྤངས་ཏེ། སྲོག་ཀཅོད། པ་ལས་སླར་ལོག་གོ།། མ་བྱིན་པར་ལེནད་པ་དང་། མྱི་ཚངས
142b6 པར་སྤྱོད་པ་དང་། བརྫུན་ཏུ་སྨྲ་བ་དང་། འབྲུའི་ཆང་དང་། སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མྱེད་པའི་གནས་སྤོངས་སྟེ། འབྲུའི་ཆང་དང་། སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མྱེད་པའི་གནས་ལས
142b7 སླར་ལྡོག་པར་བྱེད་དོ།། སྲོག་མྱི་གཅོད་དང་མ་བྱིན་ལེན་སྤོངས་ཏེ། བརྫུན་གྱི་སྨྲ་དང་ཆ་ལ་མྱི་གམ་པ། ཁྲིག་པའི་མྱི་ཚངས་སྤྱོད་པ་སྤོང་བ་འདི། འདིར་ནི་རབ་གྲུབ་ཡུམ་གྱི་ཆོས་ཉིད་ཡིན། ཆོས་ཉིད་ཀྱིས་གང་ཀཽ་ཚེ་བྱང་ཆུབ
142b8 སེམས་དཔའ་ཤཱག་ཀྱ་ནུ་འདཀའ་ལྡན་ཀི་གནས་ནས་འཕོས་ནས་ཡུམ་གྱི་ལྷུམས་ད་བཞུགས་པ་དེའི་ཚེ། དེའི་ཡུམ་འདི་ལྟ་སྟེ། སྐྱེས་པ་རྣམས་ལ་འདོད་པ་དང་། ལྡན་པའི་ཡིད་གཏོང་བ་མེད་དོ།། ཉོན་མོངས་རྣམས
142b9 ལ་ཆགས་པར་མྱི་འགྱུར་ཞིང་། དེ་ནི་འདོད་རྒྱས་སེམས་གདུངས་མྱི་འགྱུར་ལ། དེ་ཡུམ་འདོད་པའི་ཡོན་ཏན་ལྡན་པའི། སྐྱེས་པ་རྣམས་ལ་སེམས་ནི་གཏོད་པ་མྱེད། དེ་ནས་རྒྱས་གཞན་ཞིག་ན། བཙུན་མོ་སྒྱུ་འཕྲུལ་ཆེན་མོ