e-texts navigator
Collection
Volume
Page
Wylie

142a1 བྱིན་བསོད་ནམས་ནི་བྱས་པ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། སུམ་མདོའི་རིདབུས་སུ་དམན་པ་དང་། ལོང་བ་དང་། བཀྲེན་པ་དང་། སྡུག་འཕོངས་པ་དང་། སློངས་སོ་པ་རྣམས
142a2 གང་མངོན་པར་འདོད་པ་དང་། ཇི་ལྟར་བསླངས་བཞིན་ཏུ་སྦྱིན་པ་ནི་བྱིན་བསོད་ནམས་ནི་བྱས་སོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤག་ཀྱ་ཐུབ་པ་དགའ་ལྡན་གྱི་སྣའི་རིས་ནས་འཕོས་ཏེ། ཡུལ་གྱི་ལྷུམས་ན་བཞུས
142a3 པ་ན། མཛོད་ཀྱི་ནང་དུ་རྫས་བཞག་པ་བཞིན་དུ། མངལ་གྱི་དྲི་མ་དང་། ཤའི་དྲི་མ་དང་། ཁྲག་ཀྱི་དྲི་མ་དང་། མྱི་གཙང་བ་ཀང་ཡང་རུང་བའི་སྣ་ཚོགས་ཀྱིས་མ་སྦགས་སོ།། དཔེར་ན་ནོར་བུ་རིན་པོ་ཆེ་ཀ་ཤིའི་རས
142a4 ཀྱིས་མྱི་གོས་པ་དང་། ཀའ་ཤིའི་རས་ཀྱང་ནོར་བུ་རིན་པོ་ཆེས་མྱི་གོས་པ་དེ་བཞིན་དུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུ་དམ་གྱི་ལྷུམས་སུ་བཞུགས་པ་ན། མཛོད་ཀྱི་ནང་དུ་རྫས་གཞག་པ
142a5 བཞིན་མངལ་གྱི་དྲི་མ་དང་། ཤའི་དྲི་མ་དང་། ཁྲག་གྱི་དྲི་མ་དང་། མྱི་གཙང་བ་གང་ཡང་རུང་བ་སྣ་ཚོགས་ཀྱིས་མ་སྤགས་སོ།། ཇི་ལྟར་ནོར་བུ་ཚོན་ཤེལ་འོད་གསལ་དང་། རས་གཙང་ཀ་ཤིའི
142a6 རས་ཀྱང་གོས་པ་མྱེད། དེ་བཞིན་ཐུབ་ཆེན་ལྷུམས་ན་བཞུགས་པ་ན། མངལ་གྱི་དྲི་མི་ཅིས་ཀྱང་གོས་པ་མྱེད། གང་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རོས་ནས་འཕོས་ནས། ཡུམ་གི་ལྷུམས་ན
142a7 བཞུགས་པ་དེའི་ཚེ། ཡུམ་གྱི་ལྷུམས་ན་དེ་ཐམས་ཅད་ཡོངས་སུ་རྫོགས་པས་བཞུགས་པ་མཐོང་ངོ་།། དཔེར་ན་ནོར་བུ་བྱེ་དུ་རྒྱ་བུར་བརྒྱད་པ་བཟང་པོ།། རིགས་དང་། ལྡན་པ། དང་བ་གསལ་བ་དང་། དྲི་མ་མེད
142a8 པ། ཚོན་སྐུད་སྔ་ལྔ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་ལ་རྒྱས་ལ། དེ་སྐྱེས་བུ་མྱིག་དང་། ལྡན་པས་མཐོང་ན་དག་འདི་ནི་སྐུད་པའོ།། འདི་ནི་ནོར་བུའོ།། སྐུད་པ་འདི་ལ་ནོར་བུ་རྒྱས
142a9 པ་ཡིན་ནོ་ཞེས་ཤེས་པར་དེ་བཞིན་ཏུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཤག་ཀྱ་ཐུབ་པ་དགའ་ལྡན་གི་གནས་ནས་འཕོས་ཏེ། ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ། དེའི་ཡུམ་གི་ལྷུམས་ན། ཐམས་ཅད་ཡོངསུ་རྫོགས




iiif viewer powered by OpenSeadragon

141b - 142b

Texts on this page

Ng22.38 - mngon par 'byung ba'i mdo