| e-texts navigator |
| Wylie |
141b1 པར་བསྟོད་པར་འགྱུར་རོ།། ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གི་ལྷའི་རིས་ནས་འཕོས་ཏེ། ཡུས་ཀི་ལྷུམས་ན་བཞུགས་པ་དེ་མ། ལྷ་རྣམས་ཀྱི་དབང་དབང་པོ་བརྒྱ་བྱིན་གྱིས་དེ་ལ་མྱི་འམ་གྱི།
141b2 མ་ཡིན་པ་སུས་ཀྱང་འཚེ་བར་མྱི་འགྱུར་བར་ལྷའི་བུ་གཞི་ཡུམ་གྱི་སྲུངས་མར་འཇོག་པའི་ལཀ་ན། རལ་གྱི་དང་། ལཀ་ན་མདུང་དང་ལཀ་ན་མ་དུང་ཟུང་དང་ལག་ན་མདའ་བོ་ཆེ་ལོ།། དེ་ལ་འདི་སྐད་ཅེས་བྱ་སྟེ།། ལྷ་མཆོག་བཞི
141b3 ལ་བརྒྱ་བྱིན་གྱིས་སྨྲས་པ། ཁྱེད་རྣམས་སོང་ལ་ལྷ་མྱི་རྣམས་ཀྱིས་ནི། ཤི་ནད་ཏུ་མཆོག་གྱུར་ད་ཡུམ་དེ་ཇི་ལྟར་སུ་འང་།། གནོད་མྱི་བྱེད་པར་གུས་པས་ཡོངས་སུ་བསྲུངས།། དེ་རྣམས་ཤི་ནད་ཏུ་འབད་བྱས་དཀའ་བ་དང་།
141b4 བརྒྱ་བྱིན་ལུང་ནི་སྤྱི་བོས་གནོད་ནས་སུ།། རྣམ་ཀུན་མདའ་མདུང་རལ་གྲི་ལག་ན་ཐོགས། བྱང་ཆུབ་སེམས་དཔའ་ཡུམ་ནི་སྲུང་བ་ར་བྱེད།། གཡུལ་དུ་རྒྱལ་འགྱུར་ལྔ་བཞིས་སྦས་པ་དང་། དེ་ནི་ཉིན
141b5 མཉན་སྣ་ཚོགས་རྒྱན་འཚང་ཞིང་།། ལྷ་མོ་རང་ཁྱིམ་ན་གནས། རྣམ་རོལ་པ་དཀའ་བའི་ཚལ་ན་སྤྱོད་པ་ལྟ་བུར་གྱོད།། དེ་ནས། དུས་གཞན་ཞིག་ན་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་འདི་ལྟ་བུའི་འདོད་པ
141b6 སྐྱེས་ཏེ། ཀྱེ་མའོ་ལྷ་བརྩོན་ཐམས་ཅད་ཟང་པར་བགྱིའོ།། རྒྱལ་པོ་ཟས་གཙང་མས་ཀྱང་བཙུན་མོའི་ཆོག་མཉན་ནས། བཙོན་ཟམས་ཅང་ཐར་པར་བྱས་སོ།། དེ་ནས་དུས་གཞན་ཞིག་ན་བཙུན་མོ
141b7 འདོད་པ་སྐྱེས་པ། ཀྱེ་མའོ་ལྷས་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་དབུས་སུ་དམན་པ་དང་། ལོང་བ་དང་། བཀྲེན་པ་དང་། སྡུག་འཕོངས་པ་དང་། སློངས་པོ་པ་རྣམས་ལ་སྦྱིན་པ་བྱིན་པའི་བསོད་ནམས་དག་བྱས་པ་དང་། ལྷོ
141b8 དང་། ནུབ་དང་། བྱང་དང་། སུམ་མདོའི་དབུས་སུ་དམན་པ་དང་། ལོང་བ་དང་། བཀྲེན་པ་དང་། སྡུག་འཕོངས་པ་དང་། སློངས་མོ་པ་རྣམས་ལ་སྦྱིན་པ་བྱིན་པའི་བསོད་ནམས་ནི་བགྱིའོ།། དེ་ནས་རྒྱལ་པོ་ཟས་གཙང་གིས་བཅུ
141b9 མོའི་ཚིག་མཉན་ནས། གྲོང་ཁྱེར་གྱི་ཤར་ཕྱོགས་སུ་མན་པ་དང་། ལོང་བ་དང་། བཀྲེན་པ་དང་། སྡུག་འཕོངས་པ་དང་། སློངས་མོ་པ་རྣམས་ལ་ཇི་ལྟར་མངོན་པར་འདོད་པ་དང་། ཇི་ལྟར་བསླངས་པ་བཞིན་དུ་སྦྱིན་པ་ནི