e-texts navigator
Collection
Volume
Page
Wylie

141a1 ཅན་གང་དག་སྐྱེས་པ་དག་གིས་རང་གི་ལག་པ་བརྐྱང་བ་ཡང་ཀྱི་མཐོང་བ་དེ་ལས། དེ་རྣམས་སྡང་བ་དེས། གཅིག་ཀྱིས་གཅིག་མཐོང་དབ་ཞེས་ལྡན་དག་སེམས་ཅར་གཞན་ཡང་འདིར་སྐྱེས་སོ།། ཤེས་ལྡན་དནམ
141a2 ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་བྱ་བར་ཤེས་སོ།། ཇི་ལྟར་སྨིན་ནི་རྒྱ་ཆེན་ལེགས་འདུས་པ།། ཆུང་མ་པལགས་པ་རླུང་གིས་བསྟོད་པ་ལྔར།། དེ་བཞིན་ཐོ་ལྡན་དེ་ནི་ལྷུམས་འཇུག་པ།། སྐྱོན་ཀའི་སྤྲིན་རུམ
141a3 ཇི་བཞིན་ནོ།། གང་ཚེ་རྩལ་ལྡན་མཉམ་བྱེད་ཉེར་གཤེགས་ལ།། དེ་ཚེ་འཇིག་རྟེན་སོ་སོའི་གླིང་བར་ན།། མུན་གྱིས་ཁེབས་བསལ་ཕྱོགས་ཀུན་ཤིན་ཏུ་ནི།། གསལ་སྡང་འབྱུང་འགྱུར་འདི་འདིར་ཆོས་ཉིད་དོ།། གང་གི
141a4 བྱང་ཆུབ་སེམས་དཔའ་དཀའ་ལྡན་གྱི་ལྷའི་རིས་ནས་འཕོས་ཏེ། ཡུམ་ཀྲི་ལྷུམས་སུ་ཞུགས་པར་མཛད་པ་དེ་ཉིད་ཀྱི་མཚན་མོ་བཙུན་མོ་སྒྱུ་འཕྲུལ་ཆེན་མོས་རྨི་ལམ་བཞི་མཐོང་སྟེ། གླང་པོ་ཆེ་ཕྲུག་ཀུ་དཀར་པོ་ཞིག
141a5 བདག་རུམ་གཡས་པ་དྲལ་ནས་ཞུགས་པ་དང་། སྟེང་གི་ནམ་མལ། འལ་སྐྱིལ་མོ་དཀྲུང་ཀྱིས་འཆག་པ་དང་། སེང་གེའི་གདན་ལ་འདུ་ཀ་ནས། སྐྱེས་པ་ཆེན་པོ་ལ་ཆོས་སྟོནད་པ་དང་། ལྷ་དང་ལྷ་མ
141a6 ཡིན་ཏུ་བཅས་པའི་འཇིག་རྟེན་བདག་ལ་ཕྱག་བྱེད་པའོ།། རྒྱལ་པོ་ཟ་ས་ཀཙང་མ་བཙུན་མོ་ལས་དེ་ཐོས་པ་དང་། མཚན་མའན་རྣམས་ལ་རྨྱིལམ་འདི་ཇི་ལྟར། སྟོནད་པ་ཡིན་དྲིས་པ་དང་། དེ་རྣམས་ཀྱིས
141a7 སྨྲས་པ། ལཱ་མཁྱེ་དད་པར་མཛོད་ཅིག། ཀང་བཙུན་པོས་རྨྱི་ལམ་མ་མཐོང་བའི་གླང་པོ་ཆེ་ཕྲུག་ཀུ་དཀར་པོ་ཞིག་བདག་གི་ནུས་གཡས་པ་རྡལ་ནས་ཞུགས་པ་ཞེས་བྱ་བ་དེ། འཁོར་ལོས་སྐུར་བའི་རྒྱལ་པོའི་སྲས་བལྟས་པར
141a8 འགྱུར་རོ།། སྟེང་གི་ནམ་མཁའ་ལ་བཅག་ཀོ་ཞེས་བྱ་བ་ནི། རྫུ་འཕྲུལ་ཆེ་བ་དང་མཐུལ་ཆེ་བར་འགྱུར་རོ།། སེང་གེའི་བདན་ལ་འདུག་སྟེ། ཆོས་སྟོན་ཏོ་ཞེས་བྱ་བ་ནི། དེ་ཡང་སྭེ་ཀེའི་གདན་ལ་བཞུགས་ཏེ། འབོར་ཟན
141a9 ལ་ཆོས་སོནོད་པར་འགྱུར་རོ།། ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་བདག་ལ་ཕྱག་བྱེད་དོ་ཞེས་བྱ་བ་ནས། གལ་ཏེ་རབ་ཏུ་བྱུང་བར་གྱུར་དང་། ལྷ་དང་། སྐམ་ཡིན་དུ་བཅས་པའི་ཉིན་གྱིས་མཆོད་ཅིང་། ངེང་ལ་མངོན




iiif viewer powered by OpenSeadragon

140b - 141b

Texts on this page

Ng22.38 - mngon par 'byung ba'i mdo