| e-texts navigator |
| Wylie |
140b1 བྱང་ཐམས་ཅད་ཟིལྡ་ཀྱིས་རོན་ཏེ་གནས་པ་དེ་བཞིན་དུ་ངས་ཀྱང་འཛམ་བུའི་གླིང་དུ་སོ་པ་ལ། ཏོག་ཀེ་བ་དྲུག་དང་། རྗེས་སུ་སྦགས་པ་དྲུག་དང་། སྙོམས་པར་འདུག་པ་དྲུག་ཟིལྡ་ཀྱིས་མནན་ནས། བདུད་རྩི་རྟོགས་པར་བྱ་སྟེ།
140b2 བདུད་རྩིས་འགྲོ་བ་ཚིམ་པར་བྱའོ།། མྱི་རྟག་པའི་དྲུང་བུང་པར་བྱའོ།། སྟོང་པ་ཉིད་ཀི་རྔ་བརྡུང་བར་བྱའོ།། བདག་མྱེད་པའི་སེང་གེའི་སྒྲས་བསྒྲགས་པར་བྱའོ་ཞེས་གསུངས་ནས། ཚིགས་སུ་བཅད་དེ་ཡང་གསུངས་པ།། ས
140b3 ཀེ་གཅིག་གིས་གཅན་ཟན་ཚོགས་ནི་དུ་མ་འཇོམས།། རྡོ་རྗེ་གཅིག་ཀྱིས་བྲག་གྱི་རྩེ་མོ་དུ་མ་འཇིག།། བརྒྱ་བྱིན་གཅིག་ཀྱིས་ལྷ་མ་ཡིན་དབང་དུ་མ་འཇོམས།། ཉི་མ་གཅིག་གྱིས་མུན་པའི་དུ་མ་རྣམ་པར་སེལ།། གྲོགས་པ་དག
140b4 ཕྱེད་ཅག་ལས་གང་བདུད་ཅི་དོན་ཏུ་གཉེར་བ་དེ། ཡུལ་དབུས་གི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ཉིང་མཚམས་སྦྱོར་བ་ལོང་ཤིག།། དེ་ནས་ལྷ་རྣམས་ཀྱིས་དབང་པོ་བརྒྱ་བྱིན་འདི་སྙམ་རྒྱ་སེམས་ཏེ། བྱང་ཆུབ་སེམས་དཔའ་འདི་ནི་བཙུན
140b5 མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཉིང་མཚམས་སྦྱོར་བ་ལེ་ནང་པར་བཞེད་ཀྱིས།། མ་ལ་དེ་ལ་བདག་ཀྱིས་གཟི་བརྗིད་བསྒྲུབ་པར་བྱ།། ལཱུ་མས་ཀྱང་སྦྱར་བར་བྱའོ་སྙམ་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི
140b6 ཙུན་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟི་བརྗིད་སྦུབས་ཤིང་ལྷུམས་ཀྱང་གཙང་མར་བྱས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་དཀའ་ལྡན་ཀི་གནས་ན་བཉྩ་གས་པ། རིགས་དང་། ཡུལ་དང་། དུས་དང་། རྒྱུད་དང་། བུད་མྱེད་ལ
140b7 གཟིགས་ཏེ། གཟིགས་པ་ལྔས་གཟིགས་ནས། ནམ་གི་གུར་ལ་གླང་པོ་ཆེན་པོ་ལཱ་བསྟནད་ཏེ། དགའ་ལྡན་གི་ལྷའི་རིགས་ནས་འཕོས་ནས། ཡུམ་གི་ལྷུམས་སུ་ཞུགས་སོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གི
140b8 སྤུའི་རིས་ནས། ཤི་འཕོས་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ། ས་ཆེན་པོ་འདི་ཤིནད་ཏུ་གཡོས་པར་གྱུར་ཏོ།། འཇིག་རྟེན་འདི་ཐམས་ཅད་སྡང་བ་ཆེན་པོས་གསལ་བར་གྱུར་ཅིང་། འཇིག་རྟེན་ན་འཇིག་རྟེན་གི་བར
140b9 ཀི་མུན་པ། མུན་ནག་སྨག་ཏུ་གྱུར་པ། གང་དུ་ཉི་མ་དང་ཟླ་བའི་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་དག་ཀྱིས་ཀྱང་འོད་ཀྱིས་སྡང་བར་མྱི་ནུས་པ། དེ་དག་ཀྱང་དེའི་ཚེ་སྣང་བ་ཆེན་པོས་གསལ་བར་གྱུར་ད་ཏོ།། དེར་སེམས