e-texts navigator
Collection
Volume
Page
Wylie

140a1 བཀའ་སྩལ་པ་དང་། དཀའ་ལྡན་གི་རིས་ཀྱི་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ད་ཏོ།། བྱང་ཆུབ་སེམས་དཔའ་མཁྱེན་པར་མཛོད་ཅིག།། ད་ལྟར་འཇིག་རྟེན་སྡིག་པས
140a2 པབ། སྐྱེ་དགུའི་ནི་མ་རུངས་པའི་བསམ་པ་ཅན། འཛམ་བུའི་གླིང་ནི་རྟོག་ཀེ་བ་དྲུག་དང་། རྗེས་སུ་སྒྲོགས་པ་དྲུག་དང་། སྙོམས་པར་འཇུག་པ་དྲུག་ཀྱིས་དཀྲུགས་པ་ལགས་སོ།། དེ་ལ་ཏོག་གེ་བ་དྲུག་གང་ཞེ་ན། འདི་ལྟ་སྟེ།
140a3 འོད་སྲུངས་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོན་ཀི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མྱི་འཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན། གཅེར་བུ་པ་ཉེ་ན་གི་བུའོ།། རྗེས་སུ་སྒྲོགས་པ་དྲུག
140a4 གང་ཞེ་ན། འདི་ལྟ་སྟེ། བྲམ་ཟེ་རྒྱུས་རྒལ་དང་། བྲམ་ཟེ་རྣས་རྡེག་དང་། བྲམ་ཟེ་བཟང་ལྡན་དང་། བྲམ་ཟེའི་ཚངས་པའི་ཚེ་དང་། བྲམ་ཟེ་པ་ད་མའི་སྙིང་པོ་དང་། བྲམ་ཟེ་དམར་པོའོ།། སྙོམས་པར་འཇུག་པ་དྲུག་ས
140a5 ཞེ་ན། འདི་ལྟ་སྟེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་དང་། སྒྱུ་རྩལ། ཤེས་ཀྱི་བུ་རིང་འཕུར་དང་། ཀུ་ནང་ཏུ་རྒྱུ་རབ་བཟངས་དང་། བྲམ། ཟེའི་ཁྱེའུ་ཀུན་རྒྱལ་དང་། དྲང་སྲོང་ཉོམས་རྒྱལ་དང་། ལྟེང་རྒྱས་འོད
140a6 སྲུང་རལ་པ་ཅན་ནོ། འདིར་ནི་ཆོས་མཉམ་པའི་སླད་དུ། བྱང་ཆུབ་སེཾས་དཔའ་ཁྱེད་ཀྱི་གདན་དཔག་ཚད་བཅུ་གཉིས་པ་བཤམ་པ་བགྱི་ཞིང་། བདག་ཅག་འདི་སྙམ་ཏུ་བདག་ཅག་ལ་དགའ་ལྡན་གི་གནས་ན་བྱང་ཆུབ
140a7 སེམས་དཔའ་བཞུགས་པས་ཆོས་བཤད་དེ། ཆོས་དེ་དག་བདག་ཅག་ཀྱིས་འོས་ན། ཅི་ནས་ཀྱང་བདག་ཅག་གི་ཡུན་རིང་པོའི་དོན་དང་། སྨན་པ་དང་། བདེ་བར་འགྱུར་བ་དེ་སྟེ་དེ་ལྟར་བསྒྲུབ་པར་བགྱིད་པར་སེམས་ལགས་སོ།།
140a8 དེ་སྐད་ཅེས་གསོལ་པ་དང་། བྱང་ཆུབ་སེམས་དཔའ་དཀའ་ལྡན་ཀི་ལྷ་རྣམས་ལ་འདི་སྐད་ཅེས་གསོལ་ཏོ།། གྲོགས་པོ་དག་དེའི་ཕྱིར་རོལ་མོའི་ཆེ་སྤྱད་ཐམ་པར་རྡུངས་ཤིག། དགའ་ལྡན་གི་རིས་ཀྱི་ལྷ་རྣམས་ཀྱིས་རོལ་མོའི
140a9 མ་སུད་ཐམས་ཅད་བརྡུངས་པ་དང་། བྱང་ཆུབ་སེམས་དཔས་ཀྱང་ཉུང་བྱས་སོ།། ཐོགས་པོ་དག་འདིས་ལས་ལྷག་པར་སྒྲ་གང་ཆེ། བཅོམ་ལྡན་འདས་བྱང་གི་སྒྲ་ལགས་སོ།། གྲོགས་པོ་དག་ཅི་ལྟར་ཆུང་ཀྱི་སྒྲས་རོལ་མོའི་མ




iiif viewer powered by OpenSeadragon

139b - 140b

Texts on this page

Ng22.38 - mngon par 'byung ba'i mdo