e-texts navigator
Collection
Volume
Page
Wylie

139b1 ཀྱི་མཆོག་ཏུ་གྱུར་པ། སྔོན་གྱི་སངས་རྒྱས་རྣམས་ལ། ཨེ་མའོ་བདག་སངས་རྒྱས་ཀྱི་ཡུམ་དུ་གྱུར་ད་ཅིག་ཅེས་སྨོན་ལམ་བཏབ་པ་དང་། བྱང་ཆུབ་སེམས་དཔའ་ཟླ་བ་བཅུ་རུམ་ཏུ་འཛིན་ནུས་པ་དང་། རང་གི་དོན་ཡང་ཉམས་པར
139b2 མྱི་བྱེད་པར་ཡིན་པར་གཟིགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། སྒྱུ་འཕྲུལ་ཆེན་པོ་འདི་ནི་མ་མྱོས་དང་། ཕ་མྱེས་ཟུང་བདུན་གྱི་བར་དུ་སྤྱོད་པ་ལ་སྐྱོན་མྱེད་ཅིང་། གཟུགས་དང་ལྡན་པ་དང་། རིགས
139b3 དང་ལྡན་པ་དང་། ཚུལ་དང་ལྡན་པ་ཞེས་བྱ་བ་ནས། བུད་མྱེད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་དཅེས་བྱ་བའི་བར་གོང་མ་བཞིན་ཏེ། ཁྲོ་ལག་ཅན་མ་ཡིན་པར་དང་། རིགས་འཕེལ་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་དུམ་དུཿ
139b4 བཅུར་འཛིནད་ནུས་པ་དང་། བདག་གི་དོན་ཡང་མྱི་ཉམས་པ་ཡིན་ལ། འདི་ལྟར་སྒྱུ་འཕྲུལ་ཆེན་མོས་སྔོན་སངས་རྒྱས་རྣམས་ལ་ཀྱེ་མ་བདག་སངས་རྒྱས་ཀྱི་ཡུམ་དུ་གྱུར་ད་ཅིག་ཅེས་སྨོན་ལམ་བཏབ་ཡང་ཡིན་པས་བདག་ལ
139b5 གཞན་དག་བྱང་ཆུབ་སེམས་དཔས་མཚན་ངན་པ་ལྡན་པའི་བུད་མྱེད་ཀི་རུ། མ་ཏུ་ཉིང་འཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་ཅི། འགྱུར་བར་བདག་ཀྱིས་སྒྱུ་འཕྲུལ་ཆེན་མོའི་ནུམ་དུ་ཉིང་མཚམས་སྦྱོར་བ
139b6 བླང་ངོ་སྙམ་མོ།། ཇི་ལྟར་བྱང་ཆུབ་སེམས་དཔས་སྤང་བར་མྱི་འགྱུརབའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མྱེད་པ་མ་ཡིན་པས།
139b7 རྒྱུ་འདིས་ན་བྱང་ཆུབ་སེམས་དཔས་བུད་མྱེད་རྣམས་ལ་གཟིགས་པར་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་གཟིགས་པ་ལྔས་གཟིགས་ནས། དགའ་ལྡན་ན་སྤྱོད་པའི་ལྷའི་རིས་རྣམས་ལ་གསུངས་པ
139b8 གྲོགས་པོ་དག་ཤེས་པར་གྱིས་ཤིག། དཱ་འཛམ་བུའི་གླིང་དུ་བབས་ནས་ཡུལ་དབུས་སུ་ཉིང་མཚམས་སྦྱོར་བ་ལེན་གྱིས། ཁྱེད་ཅག་ལས་གང་དག་བདུད་རྩིའི་དོན་ཏུ་གཉེར་བ་དེ་ཕལ་ཆེར་ཡུལ་དབུས་ཀྱི་གྲོང་ཁྱེར
139b9 ཆེན་པོ་དྲུག་གི་ཟླབ་བྱེར་ཆེན་བཙུན་པ་འདིག་སྟེ། གཉིན་ཡོད་དང་། མ་གྱི་ང། ཡངས་མཞིན་དང་། ཙམ་པ་དང་། རྒྱལ་པོའི་ཁང་དང་། བར་ན་མི་ཉི་ས་མས་པམ་མནས།། མ




iiif viewer powered by OpenSeadragon

139a - 140a

Texts on this page

Ng22.38 - mngon par 'byung ba'i mdo