| e-texts navigator |
| Wylie |
139a1 ན་བྱང་ཆུབ་སེམས་དཔའ་རྣམས་རྒྱས་ལ་གཟིགས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་རྣམས་རྒྱ་གང་གིས་རྒྱུད་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དཀའ་ལྡན་གི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དག
139a2 ཏེ།། བྱང་ཆུབ་སེམས་དཔའ་རྣམས་རྒྱུད་ཅི་འདྲ་བ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། རིགས་གང་ཞིག་བཙུན་པར་བཀུར་ཞིང་མ་མྱེས་དང་། པ་མྱེས་ཟུང་བདུན་གི་བར་ལ་སྤྱོད་པ་ལ་སྐྱོན་མྱེད་པར་གཟིགས་ནས། འདི་སྙམ་དུ་དགོངས
139a3 ཏེ། ཤཀ་ཀྱའི་རིགས་རྒྱུད་འདི་ནི་བཙུན་པར་བཀུར་བ་ཡིན་ཞིང་མང་པོས་བཀུར་བ་ནས་བཟུང་སྟེ། སྤྱོད་པ་སྐྱོན་མྱེད་པ་ཡིན་གྱིས། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་རྒྱུད་ངན་པ་ལས་ཉིང་མཚམས་སྦྱོར་བ་བླངས་སོ།
139a4 ཞེས་གཞི་འདིས་ཁ་ཟེར་བར་མྱི་འགྱུར་བར་བདག་གིས་རྒྱལ་པོ་ཟས་གཙང་མའི་རྒྱུད་དུ་ཉིང་མཚམས་སྦྱོར་བ་བླ་བ་རོ་སྙམ་མོ།། འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་མྱེད་པའི་དུས་ནས་སྨད་པར་མྱི་འགྱུར་བའི་ལས་བྱས་ཤིང་བསམ
139a5 པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པར་འབྲས་བུ་མྱེད་པར་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་རྒྱུད་ལ། གཟིགས་པར་མཛད་དོ།། བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གི།
139a6 བུད་མྱེད་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔ་རྒ་ལྡན་གི་གནས་ན་བཞུགས་པ་ནི་འདི་སྙམ་ཏུ་དགོངས་ཏེ། བྱང་ཆུབ་སེ་མས་དཔའ་རྣམས་བུད་མྱེད་ཇི་འདྲ་བ་ཞིག་གི་རུམ་དུ་ཉིང་མཚམས
139a7 སྦྱོར་བ་ལེན་སྙམ་ན། དེ་འདི་སྙམ་དུ་དགོངས་ཏེ། བུད་མྱེད་གང་ཞིག་གཟུགས་བཟང་མོ་དང་ལྡན་པ། རིགས་དང་ལྡན་པ་རིགས་འཕེལ་བར་འགྱུར་བ། ཁྲོ་བག་ཅན་མ་ཡིན་པ། ཕྲ་མ་ཅན་མ་ཡིན་པ། ངག་རྩུབ་པ་མ
139a8 པཾ། དད་པ་དང་ལྡན་པ། རང་བཞིན་བཟང་བ། བསམ་པ་དགེའ་བ། རྒྱང་ཕུན་གསུམ་ཚོགས་པ། རིགས་མཐོ་བ། ཉེ་དུའི་རིགས་དང་ལྡན་པ། ཤེས་རབ་ཕུན་གསུམ་ཚོགས་པ། གཏོང་བ་ཕུན་གསུམ་ཚོགས་པ།
139a9 ཉིད་མྱི་གཡོལ་བ། རང་བཞིན་བརྟན་པ། རྒོང་བག་ཅན་མ་ཡིན་པ། ཁེངས་པ་མྱེད་པ། བྱམས་པའི་སེམས་དང་ལྡན་པ། སྡུག་ཅིང་ཡིད་དུ་འོང་བ། འཇིག་རྟེན་ཐམས་ཅད་ལ་ཆོས་དང་ལྡན་པ། བུད་མེད་ཐམས་ཅད