| e-texts navigator |
| Wylie |
138b1 བར་གྱུར་ད་པ་ཡིན་གྱིས། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔའ་ཡུལ་མཐའ་ཁོ་བ་རྣམས་སུ་ཉིང་མཚམས་སྦྱོར་བ་བླངས་སོ།། ཞེས་གཞི་འདིས་ཁ་ཟེར་བར་མྱི་འགྱུར་བར་བདག་ཀྱིས་ཡུལ་དབུས་སུ་ཉིང་འཚམས་སྦྱོར
138b2 བ་བླང་བར་བྱའོ་སྙམ་མོ། འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་མྱེད་པའི་དུས་ནས་སྤང་པར་མྱི་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མྱེད་པ་མ་ཡིན
138b3 པས། རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་ཡུལ་ལ་གཟིགས་པ་མཛད་དོ།། བྱང་ཆུབ་སེམས་དཔའ་རྣམ་རྒྱུ་གང་གིས་ན། དུས་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གི་གནས་ན། བཞུགས
138b4 པ་ནི། འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཏུ་ས་ཅི་ལྟ་བུ་ཞིག་ཏུ་འཛམ་བུའི་གླིང་དུ་ཉིང་མཚམས་སྦྱོར་བ་ལེནད་སྙམ་ན། སྐྱེ་དགུའི་ཚེ་ལོ་ཡར་སྐྱེ་བ་ན། བརྒྱད་ཁྲ་ཐུབ་པ་ཡན་ཅད།
138b5 ཉིང་མཚམས་སྦྱོར་བ་མྱི་ལེནད་ལ། མྱི་རྣམས་ཀྱི་ཚེ་ལོ་མར་འགྲི་བ་པ་བརྒྱ་ཐུབ་པ་མན་ཆད་ཉིང་མཚམས་སྦྱོར་བ་མྱི་ལེན་ནོ།། བྱང་ཆུབ་སེམས་དཔའ་རྒྱུ་གར་གྱིས་མྱི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ
138b6 པ་ཡན་ཅད་ཉིད་འཚམས་སྦྱོར་བ་ལེན་པར་མྱི་མཛད་ཅེ་ན། མྱི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན། ཡིད་དབྱུང་བར་དཀའ་ཞིང་། སྐྱོ་བར་བྱ་བ་དཀའ་ལ། བླུན་ཞིང་དབང་པོ་རྟུལ་བ་དང་། བག་མྱེད་ཅིང་བདེ་བ་མང
138b7 བས། བདེན་པ་རྣམས་ཀྱི་སྣོད་དུ་མྱི་འགྱུར་བའི་ཕྱིར་རོ།། མར་འགྲིབ་པ་ལོ་བརྒྱ་མན་ཅད་དུ་ཡང་སྙིགས་མ་ལྔ་པོ་འདི་ལྟ་སྟེ། ཚེའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། སེམས་ཅན་ཀི་སྙིགས་པ་དང་།
138b8 ལྟ་བའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་ཤས་ཆེ་བ་ཡིན་པས། བདག་ལ་གཞན་བྱང་ཆུབ་སེམས་དཔས་སྙིགས་མ་ལྔ་ཤས་ཆེ་བའི་དུས་སུ་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མྱི་འགྱུར་རོ།།
138b9 འདི་ལྟར་བྱང་ཆུབ་སེམས་དཔའ་བོག་མ་མྱེད་པའི་ནུས་ནས་སྤང་པར་མྱི་འགྱུར་བའི་ལས་བྱས་ཤིང་། བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མྱེད་པ་མ་ཡིན་པས། རྒྱ་འདིམ