e-texts navigator
Collection
Volume
Page
Wylie

138a1 རིགས་དང་། ཡུལ་དང་། དུས་དང་། ཆུད་དང་། བུད་མེད་སྟེ། གཟིགས་པ་རྣས་པ་ལྔས། གཟིགས་པར་མཛད་དོ།། བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་རིགས་ལ་གཟིགས་པར་མཛད་ཅེ་ན།
138a2 བྱང་ཆུབ་སེམས་དཔའ་དགའ་ལྡན་གི་གནས་ན་བཞུགས་པ་ནི། འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རིགས་ཇི་ལྟ་བ་ཞིག་ཉིང་མཚམས་པ་ལེནད་སྙམ་ན། བྲམ་ཟེའི་རིགས་སམ་རྒྱལ་རིགས་སུ
138a3 ཡིན་ན། དེ་ལ་རེས་འགའ་ནི་བྲམ་ཟེའི་རིགས་བཙུན་པར་བཀུར། རེས་འགའ་ནི་རྒྱལ་རིགས་ཏེ། ད་ལྟར་ན་ནི་རྒྱལ་རིགས་བཙུན་པར་བཀུར་བར་གཟིགས་ནས། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་རིགས་ངན་པར
138a4 ཉིང་མཚམས་སྦྱོར་བ་བླངས་སོ།། ཞེས་གཞི་འདིས་ཁ་ཟེར་བར་འགྱུར་བས། བདག་ཀྱིས་རྒྱལ་རིགས་སུ་ཉིང་འཚམས་སྦྱོར་བ་བླང་བར་བྱའོ་སྙམ་མོ།། འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་མྱེད་པའི
138a5 དུས་ནས། སྨད་པར་མྱི་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མྱེད་པ་མ་ཡིན་པས། རྒྱུ་འདིས་ན། བྱང་ཆུབ་སེམས་དཔའ་རྣཾས
138a6 རིགས་ལ་གཟིགས་པར་མཛད་དོ།། བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་ཡུལ་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན། འདི་སྙམ་དུ་དགོངས
138a7 ཏེ། བྱང་ཆུབ་སེམས་དཔའ་རྣམས་ཡུལ་ཇི་ལྟ་དག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། འབྲས་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ། སློངས་མོ་པ་བརྒྱ་འདུ་བ། མཐའ་འོབ་ཀྱི་སྐྱེ་བོ་མྱེད་པ།
138a8 དབུས་པའི་སྐྱེ་བོ་གནས་པ། ཀང་དུ་སྐྱེ་བོ་གཅིག་བཏུལ་བ་སྐྱེ་བོའི་ཚོགས་ཆེན་པོ་བྲཏུལ་བར་འགྱུར་བའི་ཡུལ་གང་ཡིན་པར་གཟིགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། དབུས་ཀྱི་ཡུལ་འདི་ནི་བུ་རམ་ཤིང
138a9 ཀི་འཕྲེང་དང་།། འབྲས་དང་། བ་ཡང་དག་མཧེ་ཕུན་གསུམ་ཚོགས་པ། སློངས་ཡོ་བ་བརྒྱ་འདྲུ་བ། མཐའ་ཁོབ་ཀྱི་སྐྱེ་བོ་མྱོད་པ། དབུས་པའི་སྐྱེ་བོ་གནས་པ། ཀང་དུ་སྐྱེ་བོ་གཅིག་བཏུལ་བས་སྐྱེ་བོའི་ཚོགས་ཆེན་པོ་བྲང




iiif viewer powered by OpenSeadragon

137b - 138b

Texts on this page

Ng22.38 - mngon par 'byung ba'i mdo