| e-texts navigator |
| Wylie |
137b1 པར་གཞོལ་བ་དང་། ལ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་པར་གཞོལ་བ་དང་། ལ་ལ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའི་བསྐལ་པ
137b2 དང་ལྡན་པ་དང་། ལ་ལ་ནི་སྔོན་གི་སྨོན་ལམ་རྣམས་ཉེ་བར་བསགས་པས་རྐྱེན་ལ་རག་ལས་པ་ལས་གང་ཞིག་མ་ཟོས་པས་དམ་པའི་ཆོས་ལས་ཡོངས་སུ་ཉམས་པར་གྱུརྡ་པ་གཟིགས་སོ།། གཟིགས་ཀྱང་འདི་སྙམ་དུ་དཀོཿ
137b3 ཏེ། ཀྱེ་མའོ་བདག་གི་ཡུན་རིང་པོ་ནས་ཡང་དག་པར་རྟོགས་པ་པ་རྫོགས་པར་གྱུར་ད་ཅིང་། ངའི་ངལ་བ་འབྲས་དང་བཅས་པར་གྱུར་ཏོ།། ཞེས་དགེས་ཤིང་ངས་བྱ་བ་ནི་བྱས་སོ།། ངས་ཁུར་བཀུར་དཀའ་བ་མཐར་ཕྱིན་ནོ།། གང་པའི
137b4 ཡོངས་སུ་དག་པའི་རྒྱུད་དང་། ལྡན་པའི་ཞིང་དུ་གྱུརྡ་ཅིང་། གདུལ་བྱའི་སྐྱེ་བོ་རྣམས་ཡུན་རིང་པོར་མྱི་ཐོགས་པར་པད་མའི་ཚལ་ཡོངས་སུ་སྨིན་ཅིང་ལ་བྱེ་ལ་མ་རེག་པའི་ཉི་མ་ཤ་རད་པས།། རྒྱས་པར་གྱུར་ད་པ་ལྟ་བུར་གྱུརྡ་ཅིང་།
137b5 བྱི་ཤོལ་མྱི་བྱའོ།། འདིར་གནས་བཞིན་དུ་ཡང་དངོས། ཐམས་ཅད་རྫོག་ས་པར་བྱ་བར་ནུས་པ་མ་ཡིན་པས་ན། བཞེས་པའི་དུས་ནི་མ་ཡིན་གྱིས། མ་ལ་བདག་མྱིའི་འཇིག་རྟེནང་དུ་སོང་ལ། དེར་ཕྱིནང
137b6 ནས་བརྩོན་འགྲུས་གི་གྲོགས་དང་། དེ་བཞིན་གཤེགས་པ་བླ་ན་མྱེད་པ་འི་ཡེ་ཤེས་རྟོགས་བྱས་ཏེ། འདི་རྣམས་བསྐལ་པ་ཇི་ལྟ་བཞིན་དུ་འདི་རྣམས་ཀྱི་དགེ་བོའི་རྩ་བ་བསྐྱེད་ཅིང་ཡོངས་སུ་སྦྱིན་ལ་རྣམ་པར
137b7 གྲོལ་བར་བྱ་ཞིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོནད་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བའི་སྡུག་བསྔལ་གི་རྒྱ་མཚོར་ལྟུང་བ་སྐྱབས་མེད་པ། ཡོངས་སུ་སྐྱོབ
137b8 པ་མྱེད་པའི་སྲོག་ཆགས་རྣམས། དམ་པོའི་ཆོས་བསྟནད་པའི་ལག་པ་བརྐྱང་བས། གདོན་པར་བྱའོ།། ཐོག་མ་མྱེད་པའི་དུས་ནཱ་ཡ་འབྲེལ་པའི་འདོད་ཆགས་དང་། ཞེ་སྡང་དང་། ཀཏི་མུཀ་ཀི་མེས་ཀུན་ཏུ་གཏུངས་པ
137b9 རྣམས་ལ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆུའི་རྒྱུ་ནང་བླུགས་པས་སྡུག་བསྔལ་མ་ལུས་པ་བསལ་བར་བྱའོ་ཞེས་དེ་ལྟ་བུའི་ཐུགས་ལ་དགོངས་པ་ངེས་པ་བསྐྱེད་ནས། འཛམ་བུའི་གླིང་དུ་འཇུག་པར་མཛད་པ་ན།