| e-texts navigator |
| Wylie |
137a1 པར་བརླག་པ། ཐ་རོག་དང་། སེར་སྔས་ཀུན་ཏུ་བཅིངས་པ། ལེགས་པར་སྤྱོད་པ་ལ་འཇུག་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། ཉེས་པར་སྤྱོད་པ་ལ་ཀུན་ཏུ་གཞོལ་བར་གྱུརང་པ་རྣམས་ལ། བདག་ས
137a2 རྒྱས་སུ་གྱུརང་ནས། སེམས་ཅན་མ་བསྒྲལ་བ་རྣམས་ནི་བསྒྲལ་བར་བགྱི།། མ་གྲོལ་བ་རྣམས་ནི་གྲོལ་བར་བྱའོ།། དབུགས་པ་ཕྱིནད་པ་རྣམས་ནི་དབུགས་དབྱིན་པར་བྱའོ།། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམ
137a3 ནི་ཡོངས་སུ་མྱ་ངན་ལས་བཟ་བར་བྱའོ།། ཞེས་ངས་ཡུན་རིང་དུ་བྱ་བར་འདོད་པ་ཡིན་ནོ།། ། ད་ནི་དོན་དེ་བྱ་བའི་དུས་ལ་བབ་པ་ཡིན་གྱིས། མུལ་བདག་ཀྱིས་འཇིག་རྟེན་གྱི་གནས་སྒྲུབ
137a4 ཇི་ཞིག་ཡིན་པ་བལྟས་ན། གདུལ་བར་ནུས་སོ་འདུལ་བར་ནུས་སོ།། ཞེས་དེ་ལྟར་རྣམ་པར་དགོངས་ནས། འཇིག་རྟེན་འདི་དག་ཐམས་ཅད་ལ་གཟིགས་པ་འཇུག་སྟེ། སུ་ནི་འགྲིབ། སུ་ནི་དགེའ་བའི་ཚེ
137a5 རྣམས་ཀྱིས་འཕེལ་སུ་ནི་གནོད་པར་གྱུར་པ། སུ་ཉམ་ཐག་པར་གྱུར། ད། སུ་ནི་སྡུག་བསྔལ་བར་གྱུར་ད། ཀང་ལ་ནི་ངས་མ་འཇིགས་ཤིག། མ་འཇིག་ཤིཀ་ཅེས་མྱི་འཇིགས་པ་སྦྱིན་པས། དབུགས་རཿ
137a6 བར་བྱ། སུ་ནི་ངན་སོར་ལ་གཞོལ།། སུ་ངན་སོང་ལ་འབབ། སུ་ནི་ང་ན་སོང་ལ་བབ། སུ་ནི་ངན་སོང་ལས་གཏོན་ཏེ། མཐོ་རས་དང་ཐར་ད་པའི་འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་ན་བྱིར
137a7 བ་ལ་ལ་ཀ་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་དང་བྲལ་རྣམས་ལ་འཕགས་པའི་ནོར་ཀི་དབང་ཕྱུག་གི་བདག་པོ་ལ་གཞག་པར་བྱ། ཀང་གི་དགེའ་བའི་རྩ་བ་མ་སྐྱེད་པ་དག་ནི་བསྐྱེད་པར་བྱ། གང་ཀི་དགེ་བའི་རྩ་བསྐྱེད་པ
137a8 ནི་ཡོངས་སུ་སྦྱིན་པར་བྱ། ཀར་ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་བྱ། ཞེས་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་མཛད་པ་ན། སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མྱེད་པ་ལ་ལ་ནི་དགེ་བའི་རྩ་བ་མ་བསྐྱེད་པ་བསྐྱེད
137a9 པར་འོང་བ་དཔལ་ལ་དགེ་བའི་རྩ་བ་མ་སྦྱིནད་པ་ཡོངས་སུ་སྨིནད་པར་ནུས་པ་དང་། ལ་ལ་དགེ་བའི་རྩ་བ་ཡོངས་སུ་སྦྱིན་པ་གྲོལ་བར་ནུས་པ་དང་། ལ་ལ་བདེ་འགྲོར་འགྲོ་བར་གཞོལ་བ་དང་། ལ་ལ་འབྲས་བུ་དང་པོ་ཐོབ