| e-texts navigator |
| Wylie |
136b1 དེ་བས་འདི་ནི། ཇི་ལྟར་གྱི་ཡུལ་ཉེར་གཤེགས་ཏེ།། སྐྱེ་དང་ག་ཤི་ན་པའི་འཇིགས་པ་གཟིགས་ནས་ནི།། རབ་བྱུང་བློ་གྲོས་ངེས་མཛད་བྱང་ཆུབ་ཡང་དག་བརྙེས།། དེ་བཞིན་གཤེགས་སྟོན་མཛད་པ་བཤད་ཀྱིས་མཉན་པར་བྱས
136b2 དེ་ནས་དཀའ་ལྡན་གི་གནས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་བསྐལ་པ་མང་པོར་བསོད་ནས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་རྣམ་པ་དུ་ས་ཉེ་བར་བསགས་པས།། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས
136b3 པར་མཛད་པ་ཉོན་མོངས་པའི་ཆུ་བོ་སྟོབས་དང་ལྡན་པ་ཤིན་ཏུ་འཆོས་པ་རྣམས་ལ་ཐུགས་རྗེས་ཡོངས་སུ་བསྐུལ་པ་གཞན་གི་དོན་མཛད་པའི་ཕྱི་རྟག་ཏུ་མཚོན་པར་མཛད་པ།། དེ་ཐུགས་ལ་དགོངས་པ་འདི་ལྟ་བུ
136b4 མངོན་གསུམ་དུ་མཛད་དེ། གང་ངས་སྐྱེ་བ་མང་པོར་ཡོངས་སུ་འཁོར་བ་ན།། རང་གི་ཤ་དང་། ཁྲག་དང་། འགྲོ་དང་། མྱིག་དང་། བུ་དང་། ཆུང་མ་རྣམས་གཏོང་བ་དང་། ཤི་ནད་ཏུ་གཏོང་བས་ཡོད
136b5 སུ་གཏོང་བ་དང་།། དཀའི་ཚུལ་ཁྲིམས་ལ་གནས་པ་དང་།། ཀ། ཞན་གིས་སྦྱར་བའི་བསྙེན་བཀུར་མ་ཡིན་པ་སྣ་ཚོགས་བརྗོད་པ།། ར་བྱས་པ་དང་།། རྟག་ཏུ་ལྷོད་པ་མྱེད་པའི་སྤྲོ་བ་དང་། འབྲས་བུ་དང་།
136b6 བཅས་པའི་ཏིང་ངེ་འཛིནད་ཀྱི་བདེ་བ་ལ་ཆགས་པ་དང་། ཡོད་པ་དང་མྱེད་པའི་དོན་ལ་རྣམ་པར་དཔྱོད་པ་དང་ལྡན་པས།། གཞན་གི་རོ། ལ་བརྩོན་པོའི་བློ་གྲོས་ཀྱིས་ཤི་ནང་ཏུ་མྱི་བཟད་པའི་སྡུག་བསྔལ་ཀྱི་ཚོར
136b7 བ་རྣམ་པ་མང་པོས་སེམས་ལ་གདུང་པི་སྟུག་ཕོངས་པའི་སྲོག་ཆགས་རྣམས་ལ་མཆོག་ཏུ་སྙིང་རྗེ་བསྐྱེད་དེ།། བྱམས་པའི་སྟོབས་དང་། ཟླ་འོད་དང་། ཤི་བོ་དང་། གླང་པོ་དང་། ཐམས་ཅད་སྒྲོལ་དང་། བཟོད་པར་སྨྲ་བ་དང་།
136b8 སྤྲེའུ་བདག་པོ་དང་། མྱིག་བཟངས་དང་།། སྨན་ཆེན་པོ་ལས་སྩོགས་པ་སྐྱེས་པའི་རབས་སྟོང་ཕྲག་སྙེད་དུ། སྨོན་ལས་བྱས་ཤིང་བསགས་པ། ཨེ་མའོ་ཀྱེ་མ་བདག་གིས་འཇིག་རྟེན་ལོང་བ་འདྲེན་པ་མྱེད་པ།། ཡོངས་སུ
136b9 འདྲེན་པ་མྱེད་པ། ཆོས་མ་ཡིན་པ། འདོད་ཆགས་ཀྱི་དབང་དུ་འགྲོ་བ།། ལོག་པའི་ཆོས་ཀྱིས་ཡོངས་སུ་ཁྱབ་པ།། སེམས་ལ་མྱི་བཟད་པའི་ཆགས་པས་ཟིལ་གྱིས་ནོན་པ། ཁྲོ་བ་མང་བ། ལྟ་བ་ངན་པའི་ཚངས་ཆིངས་གཱི་ནི