| e-texts navigator |
| Wylie |
136a1 རྣམ་པར་གཡེངས་ཀྱི་འབྲས་ཅོས་འདི་དག་ཀྱང་བ་ཅིག། ཇི་ལྟར་བདས་པ་དབྱེ་བའི་དབུས་ནས་ཟུ་བ་དི།། འཁོར་ཞིང་པ་པའི་ལས་ནི་ཅུང་བར་སྩོགས་པར་བྱེད།། དེ་བཞིན་མུན་པའི
136a2 པད་མའི་ཆལ་ནང་ནས། རབ་ཡིད་རབ་ཏུ་དཀའ་བྱེད་ཅུང་ཟད་བསྡུ་བར་བྱ།། ཐུབ་པའི་གསུང་རབས་མ་ལུས་ཤི་ནང་ཏུ་རྟོགས་དཀའ་བ།། དང་ལྡན་མྱི་ལ་ཉིན་རེ་ཡང་རྒྱས་པར་ཉེར་འགྲོ་སྟེ།། རྣམ་པར་དཔྱད་ན་ཚིག
136a3 བཅད་བྱེ་མཐའ་ཡང་མྱི་དཔོགས་ན།། རིན་ཆེན་མདོ་རྒྱས་བསྡུས་པ་འདི་ནི་སྤོས་ཅི་དགོས།། ཕྱོགས་སྒོ་རྣམས་སུ་སྙན་དང་གྲགས་པའི་སྡང་བའི་ཁྱབ།། རབ་གསལ་ཤེས་བྱ་སའི་བདག་པོར་གྱུ་རད་པ་ན། བསོད
136a4 ནས་སྟོབས་ཀྱིས་རགྲ་ལས་རྒྱལ་བས་རྒྱལ་ཕྲན་གྱིས་བཏུད་པས་ནོར་བུའི་གཅོད་པར་འོན་ཀྱིས་ཞབས་གཙང་བྱས།། གླང་པོའི་དང་ང་པོ་རྒྱག་སང་འདོད་ཆགས་ཀྱིས་ཆགས་པ།། འཕྲལ་དུ་བཅས་པའི
136a5 ཐབས་མྱེད་སྟོན་རྨོངས་སྐབས་ཀྱུར་ང་ལ།། གཟིགས་ནས་འགྲོ། བའི་ཆགས་སྩོགས་ཉེས་པ་ཞི་བཞེད་པས།། ཐུགས་བརྟན་ཐུབ་དབང་གྱུར་བས་དེ་ནི་སྨོད་ལམ་བཏབ།། དེ་ནས་བརྩམས་ཏེ་སྦྱིན་དང
136a6 ཚུལ་ཁྲིམས་བཟོད་པ་དང་།། བརྩོན་འགྲུས་བསམ་གཏན་མྱི་གཡོལ་བློ་གྲོས་རྣོན་པོ་རྣམས།། ཉིད་བདེའི་ལྟོས་མྱེད་ཤི་ནད་ཏུ་ཡུན་རིང་ཡང་དག་སྤེལ་འགྲོ་ལ་ཕན་ཕྱིར་ཤི་ནད་ཏུ་དཀའ་བ་བརྒྱ་ཕྲག་མཛད།། ཐུགས
136a7 རྗེ་ཆེ་ལྡན་དྲང་སྲོང་མཆོག་འདི་ཚེ་གཞན་དུ།། ཉིད་ཀྱིས་འགྲོ་བ་ན་དོན་མཛད་ཀྱི་སྐྱེ་དེ་བཞིན་དུ།། བརྗོད་པར་འཛིན་ག་རིའི་བུས་ཀྱང་མྱི་ནུས་ན་ཡང་།། གང་དག་ཕྱིར་ནི་ཅུང་བང་དབྱངས་སུ་འརྗོད་པར་བྱ།། སྟག་མོ་ཞི་བའི
136a8 གླང་པོ་སྤྲེའུ་བཀའ་ཐུབ་དབང་།། ཚངས་སོགས་སྐུ་ཚེ་བརྒྱ་ཕྲག་དུ་མར་དགེའ་མཛད་ནས།། དོན་ཀུན་བསྒྲུབ་བརྩོན་བདག་ཉིད་ཆེན་པོ་ཚེ་གཅིག་ཐོགས།། བྱང་ཆུབ་སེམས་དཔས་དཀའ་ལྡན་གནས་སུ་སྐྱེ་བ་བཞེས།། དེར་བཞུགས
136a9 ནས་ནི་འགྲོ་བ་ཀུན་ལ་ལེགས་གནས་ནས།། སྐྱབས་བྱེད་ཀ་ཡོའོ་ཞིང་འཕོངས་པ་དུ་མས་ཡོངས་ཁྱབ་ལ།། ཟུག་རྗེ་ཆེན་པོས་ཐུགས་ཀྱི་སྤྲོ་བ་སྐྱེད་པར་གྱུར་།། གཞན་ཀ་དོན་མཛད་ཐུགས་དམ་ཉིད་ཀྱི་རྒྱུན་བསྒོམས་འགྱུར།།